རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
འབའ་ལུང་རྫོང་ཧྲེང་ལང་ཅུས་ལུང་མཚོ་ཆང་ལས་བཟོ་གྲྭ་ནི་1984ལོར་ཚུགས་པ་ཡིན་ལ། དེ་སྔའི་ཁང་མིག་ཆུང་ཆུང་ནས་ད་ལྟའི་གཞི་ཁྱོན་ངེས་ཅན་ཡོད་པའི་ཆང་ལས་བཟོ་གྲྭར་འཕེལ་རྒྱས་བྱུང་ལ།སིལ་ཆང་བཙོང་བ་ནས་སྤུས་ལྡན་ཟོང་རྟགས་ཅན་དུ་འཕེལ་རྒྱས་བྱུང་ཡོད་པ་མ་ཟད། ཟོང་རྟགས་མུ་མཐུད་དུ་ཤུགས་ཆེན་དང་རྒྱ་ཆེར་གཏོང་བཞིན་ཡོད། 2010ལོར་ཞི་ཧྲན་ནས་བཟོ་གྲྭ་གསར་བ་ཚུགས་ཤིང་། དེ་ནས་བཟུང་རིམ་བཞིན་ཟོང་རྟགས་ཀྱི་ཤུགས་ཆེ་རུ་གྱུར་འགོ་བརྩམས།ལོ་ངོ་བཅུའི་རིང་བཟོ་གྲྭས་ལག་རྩལ་འགག་སྒྲོལ་རུ་ཁག་རྩ་འཛུགས་བྱས་ཤིང་། ཆང་དཀར་གྱི་ཐོན་སྐྱེད་ཆེད་ཁེ་15གསར་དུ་གཏོད་པ་རེད།
འབད་བརྩོན་ལས་ཐོབ་པའི་དཔང་ཡིག
འབའ་ལུང་རྫོང་ཅུས་ལུང་མཚོ་ཆང་ལས་བཟོ་གྲྭ་ནི་ཆང་དཀར་བཟོ་གྲྭ་ཞིག་ཡིན་ལ། ཏུའུ་གྲངས་36ནས་52བར་གྱི་ཆང་དཀར་ཐོན་སྐྱེད་བྱེད་བཞིན་ཡོད། བཟོ་གྲྭས་གངས་ཆུ་དང་སྤུས་ལེགས་ཀྱི་གྲོ་དང་ནས། ཡུག་པོ་སོགས་ཀྱི་མ་བཅོས་རྒྱུ་ཆ་བདམས་ཤིང་། ད་རུང་ཡང་ས་རྫའི་ནང་བླུགས་ཏེ་ཁ་དམ་པོར་བསྡམས་ཤིང་དྲོད་ཚད་དམའ་མོས་བསྙལ་བ་དང་། མེ་ལྷོད་པོས་ཆང་དལ་མོར་བཙོ་བ། རིམ་པ་གསལ་བའི་བསྡུ་གཉེར་བྱེད་པ་སོགས་སྲོལ་རྒྱུན་གྱི་ཆང་བསྙལ་བའི་ལག་རྩལ་རྒྱུན་འཁྱོངས་བྱས་ཡོད། བཟོ་གྲྭ་འདིས་གཙོ་བོ་ཅུས་ལུང་མཚོ་ནས་ཆང་གི་རིགས་དང་ཨ་ཁྲི་མོའུ་ཀ་ཡུག་པོའི་ཆང་རིགས་ཀྱི་ཆང་དཀར་ཟོང་རྟགས་20ལྷག་ཐོན་སྐྱེད་བྱེད་བཞིན་ཡོད།
སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཁྱོངས་བྱས་ནས་ཆང་བསྙལ་བའི་བཟོ་གྲྭའི་ནང་ལོག
2017ལོ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་ལ། འབའ་ལུང་རྫོང་ཅུས་ལུང་མཚོ་ཆང་ལས་བཟོ་གྲྭས་དུས་སྐབས་འདི་དང་བསྟུན་ནས་བོད་ཡུལ་ཞེ་མཐུན་ཆང་ཞེས་པའི་ཆང་རིགས་སྣ་ཚོགས་བཟོས་ཤིང་། དེའི་ཁྲོད་ཧའོ་ཧྲེང་60ཅན་གྱི་ནས་ཆང་སྤུས་དག་ཅིག་དྲན་རྟེན་ཐོན་རྫས་ལ་བཟོས་ཏེ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཏང་གི་འགོ་ཁྲིད་འོག་འཆམ་མཐུན་མཉམ་གནས། བློ་མཐུན་སེམས་མཐུན་གྱིས་མཉམ་དུ་མཛེས་སྡུག་གི་བདེ་ཆེན་འཛུགས་སྐྲུན་བྱེད་བཞིན་པའི་མཚོན་དོན་ལྡན་པར་བྱས་ཤིང་། ཁེ་ལས་པས་ཕ་ཡུལ་སྔར་ལས་དར་རྒྱས་ཡོང་བའི་སྨོན་འདུན་དུ་ཕུལ་བ་རེད།
ཐོན་སྐྱེད་བྱས་པའི་ཆང་རིགས་སྣ་ཚོགས།
ཧྲི་ཧྲེང་ཀྲིས་གསལ་བཤད་བྱས་པ་ལྟར་ན། ད་སྔ་བཟོ་གྲྭས་ཐུང་ལི་ཞེས་པའི་ཆང་རིགས་ཞིབ་འཇུག་གསལ་སྤེལ་བྱེད་བཞིན་པའི་སྒང་ཡིན་ཏེ། འདི་འབའ་ལུང་རྫོང་ལི་སུའུ་རིགས་ཀྱི་སྲོལ་རྒྱུན་ཁྱིམ་གཞིས་ཀྱི་ཚབ་བྱེད་མཛེས་ལྗོངས་ཤིག་ཡིན་པ་མ་ཟད། གཞན་ད་རུང་མཉམ་དུ་སྤྲོ་སྐྱིད་དང་འཆམ་མཐུན་མཐུན་སྒྲིལ་གྱི་མཚོན་དོན་བཟང་བོ་ཡང་ཡོད་པས། དེ་ཕྱིར་ཆང་འདིར་བརྟེན་ནས་སྤྲོ་སྐྱིད་དང་འཆམ་མཐུན་གྱི་མི་རིགས་རིག་གནས་ཀྱི་ཉིང་བཅུད་དྲིལ་བསྒྲགས་བྱས་ནས་འབའ་ལུང་རྫོང་གི་ཤང་གྲོང་ཡུལ་སྐོར་འཕེལ་རྒྱས་གཏོང་ཐུབ་རྒྱུ་དེ་ཁོའི་རེ་བ་ཡིན་ཞེས་བཤད།