བདེ་ཆེན་ཁུལ་གྱི་མི་ཁྲི་6ལྷག་ཙམ་དབུལ་སྒྲོལ་ཐུབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་དེ་བཞིན་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་མངོན་གསལ་ཐོབ་པ། 2018ལོའི་ལོ་མཇུག་བར། ཁུལ་ཡོངས་ཀྱི་དབུལ་པོ་གྲོང་ཚོ་147ལས་གྲོང་ཚོ་107དབུལ་པོ་ནས་ཐོན་པ་དང་རིམ་རྩིས་བྱས་ན་དབུལ་སྒྲོལ་ཐུབ་མཁན་63412ཟིན་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད་པ་རེད། 

དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་བ་ནས་བཟུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་དེ“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང“གདེང་ཚོད་བཞི”ཟབ་ཏུ་བཏང་བ།“སྲུང་སྐྱོང་གཉིས”ཀྱི་ཞིབ་ཕྲའི་བྱ་སྤྱོད་མཐའ་གཅིག་ཏུ་སྤེལ་ནས“ལས་གྲྭ་ཆེན་པོ་དགུ”ཡི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད། 

འབྲེལ་ཡོད་ལམ་ལུགས་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཁུལ་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཚད་ལྡན་རང་བཞིན་གྱི་སྲིད་ཇུས་ཡིག་ཆ་དང་འཆར་འགོད།འབྲེལ་ཡོད་གཏན་འབེབས་སོགས་སྔ་རྗེས་སུ་བཟོས་ནས་བཏོན་ཏེ་རིམ་ཁག་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་ཡོང་བའི་ཁག་ཐེག་བྱས་པ་རེད། 

        དམིགས་ཚད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་གནད་སྨིན་ལ་ཤུགས་སྣོན་རྒྱག་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ཚད་གཞི་ལ་དམ་པོར་དམིགས་པ་དང་།དུད་ཚང་ཡོངས་“གཙང་བཤེར་དྲུག་དང་གཏན་འཁེལ་དྲུག”རྨང་གཞིར་བྱས་ཏེ་རྣམ་གྲངས་བང་མཛོད་ཏན་ཏིག་དང་ཞིབ་ཚགས་བཟོ་བ་དང་། དབུལ་སྒྲོལ་དམིགས་ཚད་ཞིབ་ཚགས་སུ་གཏོང་བ། རྣམ་གྲངས་ཞིབ་མཆན་འགོད་པའི་གོ་རིམ་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་ཀྱི“འཛུགས་སྐྲུན་སྤྱོད་གོ་ཆོད་པའི”ཤུགས་ཆེན་རྒྱག་པ་བཅས་བྱས་ནས་ཁུལ་ལ་དམག་འཐབ་འཆར་གཞི་ཡོད་པ་དང་། རྫོང་ལ་རྣམ་གྲངས་བང་མཛོད་ཡོད་པ། ཤང་ལ་ལམ་ཐིག་རི་མོ་ཡོད་པ། གྲོང་ཚོར་ཨར་ལས་དཔེ་རིས་ཡོད་པ་བཅས་བྱས་ཡོད། 

ཏང་འཛུགས་སྐྱོང་གི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་དྲིན་ཚོར་ཡར་བརྩོན་ལ་ཤུགས་སྣོན་རྒྱག་པ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཁྲོད་སྲོག་ཤིང་ལ་བརྩི་བཀུར་བྱས་ནས་བློ་ཕྱོགས་པེ་ཅིན་ལ་ཁ་གཏད་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། “དུས་རབས་གསར་པའི་དྲིན་ཚོར་དྲིལ་བསྒྲགས་བྱ་སྤྱོད”དང“མཛེས་པོ་བཞི་གཏོད་པ”སོགས་ཀྱི་གཙོ་གནད་ལས་དོན་དམ་འཛིན་བྱ་གཞིར་བྱས་ནས་ཕུན་སུམ་ཚོགས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ནང་དོན་དང་གཞི་རྟེན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། 

        ཕྱོགས་ཁག་གི་ཐོན་ཁུངས་གོང་བུ་གཅིག་ཏུ་བསྒྲིལ་ནས་ལག་གདང་སྦྲེལ་ནས་འགག་སྒྲོལ་ཧུར་ཐག་བྱས། བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ཐད་རིམ་པ་ཁག་དང་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། ཧྲང་ཧའེ་གྲོང་ཁྱེར་སོགས་ཀྱིས་བདེ་ཆེན་ཁུལ་སྨན་ཁང་དང་རྫོང་དང་གྲོང་ཁྱེར་གསུམ་ལ་ཁ་གཏད་རོགས་སྐྱོར་བྱས་པ།སྔར་རྗེས་སུ་རོགས་སྐྱོར་རྣམ་གྲངས་978ལག་བསྟར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་10བཏང་བ།ཧོར་ཐག་གིས་འབོར་ཐེངས་6གི་ལས་བྱེད་མི་སྣ་23དང་འབོར་ཐེངས་26གི་ལས་བྱེད་མི་སྣ་204  ན་གཞོན་དང་བླངས་པ་89མངགས་ནས་བདེ་ཆེན་ཁུལ་དུ་རོགས་སྐྱོར་ལས་དོན་བསྒྲུགས་པ། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་སོགས་ཞིང་ཆེན་རིམ་པའི་ཚན་པ་14ཡིས་ཁུལ་ཡོངས་ཀྱི་ཤང་གྲོང་18ཀྱི་གྲོང་ཚོ་34(སྡེ་ཁུལ)ལ་གཏན་འཁེལ་གྱི་དབུལ་སྐྱོར་བྱས་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་90བཏང་ནས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.35ཐད་ཀར་བཏང་ཡོད་པ་རེད། ཁུན་མིང་གྲོང་ཁྱེར་དང་ཆུས་ཅིང་གྲོང་ཁྱེར། ཡུས་ཤིས་གྲོང་ཁྱེར་བཅས་ཀྱིས་བདེ་ཆེན་ཁུལ་གྱི་རྫོང(གྲོང་ཁྱེར)གསུམ་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་སྔ་རྗེས་སུ་རྣམ་གྲངས་32ལག་བསྟར་བྱས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་10བཏང་བ་དང་ཆབས་ཅིག་ཁོངས་གཏོགས་ཀྱི་གཙོ་གནད་མཐོ་རིམ་སློབ་འབྲིང་དུ་བདེ་ཆེན་འཛིན་གྲྭ་བཙུགས་ནས་ལོ་ལྟར་བདེ་ཆེན་ནས་ཡིན་པའི་སློབ་མ་120བསྡུ་ལེན་བྱས་ཏེ།རང་ཁུལ་གྱི་དབུལ་སྒྲོལ་ལས་དོན་ལ་སྟོབས་ཤུགས་ཆེན་པོ་ལེགས་སྐྱེས་ཕུལ་ཡོད་པ་རེད།