བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-12   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་8ཚེས་10ཉིན། འཛམ་གླིང་གི་འབྲོག་པ་མང་པོ་དང་འདྲ་བར། རྟ་ནི་བོད་རིགས་སྤུན་ཟླ་ཚོའི་ཆེས་སྙིང་ཉེ་བའི་རོགས་པ་དེར་ཆགས་ཡོད། གངས་ལྗོངས་བྱང་ཐང་གི་འབྲོག་ཁུལ་དུ་ལོ་གཅིག་གི་རྩྭ་ཆུ་རྒྱས་པའི་དུས་སུ། 2019ལོའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་དངོས་སུ་འགོ་ཚུགས་ཡོད།

     རྟ་རྒྱུག་དུས་ཆེན་ལ་འབྲོག་ཁུལ་དུ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད་དེ། འགྲན་བསྡུར་མ་སྤེལ་གོང་ནས། ཉེ་འཁོར་གྱི་ཤང་སོ་སོ་དང་ས་ཆ་སོ་སོའི་འབྲོག་པ་ཚོས་གུར་ཁྱེར་ཞིང་། ལུས་ལ་གཟབ་འཆོར་གང་ལེགས་སྤྲས་ཏེ་རྟ་རྒྱུག་དུས་ཆེན་ལ་སླེབས་པ་དང་། གུར་རེ་རེ་བཞིན་སྦྲེལ་ནས་ཕུབ་སྟབས་བརྗིད་ལྡན་ “གྲོང་ཁྱེར”ལྟ་བུར་གྱུར་ཡོད། དུས་ཡུན་གཟའ་འཁོར་གཅིག་རིང་གི་རྟ་རྒྱུག་དུས་ཆེན་ནི་ཡུལ་མི་ཚོས་འགྲན་བསྡུར་བྱེད་པ་དང་། འཁྲབ་སྟོན་ལ་བལྟ་བ། ཚོང་འདུས་ལ་འགྲོ་བའི་དུས་ཆེན་ལ་གྱུར་ཡོད།