རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཁུལ་ཨུའི་རྒྱུན་ཨུའི་སྐབས་བརྒྱད་པའི་ཐེངས་80པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད་ཟླ་7ཚེས་30ཉིན་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས《ཀྲུང་དབྱང་ནག་ཚོགས་གཙང་སེལ་སྐོར་གྱི་བདེ་ཆེན་ཁུལ་གྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་20པས་ཡུན་ནན་ཞིང་ཆེན་གྱི་ཚུར་ལན་གནད་དོན་དག་ཐེར་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ཇུས་གཞི》 འགྲེམས་སྤེལ་བྱས་པ་དང་འབྲེལ་རྫོང(གྲོང་ཁྱེར)ཁག་དང་། གསར་སྤེལ་ཁུལ།ཚན་པ་ཁག་བཅས་ཀྱིས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།
《དག་ཐེར་ཇུས་གཞིའི》ནང་གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཨུའིུ་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་ཁུར་དགོས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གྱིས་ཙུའུ་ཀྲང་གཞོན་པ་བྱེད་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བཅས་ཀྱིས་ཙུའུ་ཀྲང་གཞོན་པའི་འགན་བཞེས། ཁུལ་ཨུ་གཞུང་དོན་ཁང་དང་། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན། ཁུལ་ཨུ་རྩ་འཛུགས་པུའུ། ཁུལ་ཨུ་དྲིལ་བསྒྲགས་པུའུ། ཁུལ་ཨུ་སྲིད་ཁྲིམས་ཨུ་ལྷན། ཁུལ་སྲིད་གཞུང་གཞུང་དོན་ཁང་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ཁོངས་མིའི་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ། གཉིས་ནི་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ལྟ་སྐུལ་མཛུབ་ཁྲིད་དང་དག་ཐེར་གྱི་འགན་འཁྲི་འཁུར་མཁན་ཨང་དང་པོའི་འགན་འཁྲི་སྣེ་ཁྲིད་དེ་ཚན་ཁག་གི་ཁོངས་མི་གཞན་དག་གིས་ཨང་རྟགས་ལྟར་གྲལ་དུ་ལས་འགན་འཁུར་བ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱེད་པ། རང་དཔེ་གཞན་སྟོན་དང་ནུས་ཤུགས་གང་ཡོད་བཏོན་ནས་ལས་བགོས་འགན་གཉེར་ཁྱབ་ཁོངས་དང་སྡེ་ཚན་གྱི་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། འགན་འཁྲི་ཁག་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱེད་པའི་འགན་འཁྲི་འཁུར་དགོས། གསུམ་ནི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་དང་དག་ཐེར་ལས་དོན་དེ་ཆེད་དོན་འཐབ་རྩོད་ཀྱི་ལོ་འཁོར་གྱི་དཔྱད་ཞིབ་གདེང་འཇོག་ནང་དོན་ནང་བཅུག་ནས་རྒྱུན་གཏན་གྱི་ཞིབ་བཤེར་མཛུབ་ཁྲིད་དང་། མངོན་བཤེར་ལྐོག་འདྲི། ཆེད་དོན་བརྟག་ཞིབ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དག་ཐེར་གྱི་འཕེལ་རིམ་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་། གནད་དོན་གྱི་ཞན་ཆ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། བསམ་བློའི་ངོས་འཛིན་གནད་ལ་མི་འཁེལ་བ་དང་། དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ། འཕེལ་རིམ་རྗེས་སུ་ལུས་པ་བཅས་ཀྱི་རིགས་ལ་བརྡ་ཁྱབ་དང་སྐོང་འདྲི་སོགས་ཀྱི་བྱ་ཐབས་སྤྱད་དེ་གནད་དོན་དུས་བཀག་ནང་དག་ཐེར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནི་དག་ཐེར་དུས་བཀག་ཁ་གསལ་བཟོ་དགོས། རིམ་ཁག་སྡེ་ཚན་ཁག་གིས་བཅོས་སྒྲིག་གི་འཕེལ་རིམ་མགྱོགས་སུ་བཏང་ནས་2019ལོའི་ཟླ་8པའི་ཟླ་མཇུག་གོང་བྱ་སྤྱོད་སྤེལ་ནས་སྒྱུར་བཅོས་དོན་ཚན་གཞི་རྩའི་ཆ་ནས་ལེགས་གྲུབ་དང་ཡུན་རིང་བཅོས་སྒྲིག་གི་དོན་ཚན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།