རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-14   རྩོམ་ཁུངས།    སེམས་ཀྱི་ཟླ་བོད་ཡིག་དྲ་བ།
▲ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་ཀུའུ་ཁུན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ལས་དོན་སྙན་སྒྲོན་གནང་།
▲ཟླ་8ཚེས་9ཉིན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད།
2019ལོའི་ཟླ་8ཚེས་9ཉིན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད།
ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཁུལ་ཨུའི་ཨུ་ཡོན་29དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་6ཡོད། གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་ཀུའུ་ཁུན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ལས་དོན་སྙན་སྒྲོན་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཆི་ཅན་ཞིན་གྱིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་ཕྱོགས་སྡོམ་གནང་བ་དང་ལོ་སྨད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་བཀོད་སྒྲིག་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་དད་སེམས་ངེས་པར་དུ་བརྟན་དུ་གཏོང་དགོས། གུང་ཁྲན་ཏང་ཡོན་གྱིས་བརྟན་སྲུང་བྱེད་པའི་དད་མོས་ནི་མར་ཁེ་སིའི་རིང་ལུགས་ཀྱི་དད་མོས་དང་། གུང་ཁྲན་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་དད་སེམས། ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ་བཅས་ཡིན། ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ཤེས་རྟོགས། དོན་འཁྱོལ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་བྱེད་རིང་རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་དང་ཡིད་ཆེས་དངོས་ཀྱི་ཁྲོད་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། སློབ་སྦྱོང་དང་། བསམ་བློ། ལག་ལེན། རྟོགས་སད་བཅས་བྱེད་རིང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ལག་ལེན་དངོས་ཀྱི་ཁྲོད་རང་ཉིད་ལ་རྒྱུན་ཆད་མེད་པར་སྦྱོང་བརྡར་ཐོབ་པ་བཅས་བྱེད་དགོས། ཕུགས་བསམ་དང་དད་སེམས་དེ་དུས་དང་རྣམ་པ་ཀུན་ཏུ་ལས་སྒྲུབ་ལས་གཏོད་ཁྲོད་མངོན་པ་དང་། བྱེ་བྲག་གི་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། ཐོག་མཐའ་བར་གསུམ་དུ་རང་འགུལ་ངང་འགན་འཁྲི་འཁུར་བ། ཐོག་མཐའ་བར་གསུམ་དུ་འགན་འཁྲི་ནན་སྒྲུབ་བཅས་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་དང་སློབ་གསོའི་བྱེད་ཐབས་གསར་གཏོད་བྱེད་པར་དོ་སྣང་བྱས་ཏེ། རིམ་པ་ཁག་གི་ཏང་ཡོན་ འགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་མཐོར་འདེགས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་ཐད་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཆབ་སྲིད་འཛུགས་སྐྱོང་གིས་དུས་རབས་གསར་པའི་བདེ་ཆེན་བོད་རིགས་ས་ཁུལ་གྱི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་ལ་བརྟེན་ནས་བདེ་ཆེན་གྱི་བྱ་གཞག་ཁག་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་དང་། གྲུབ་འབྲས་ལ་བརྟེན་ནས་དུས་རབས་གསར་པའི་བདེ་ཆེན་གསར་པའི་འཕེལ་རྒྱས་དང་བརྟན་ལྷིང་ཧུར་ཐག་བཏོད་དེ་མེས་རྒྱལ་གྱི་དུས་རབས་70པའི་འཁྲུངས་སྐར་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།