རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་8ཚེས་8ཉིན་གྱི་ཕྱི་དྲོར། རང་ཁུལ་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཞིང་ཆེན་རིམ་པའི་ཐོག་མའི་ཞིབ་བཤེར་ལས་དོན་ལ་བསུ་བ་ཞུ་བའི་སྐུལ་སློང་ཚོགས་འདུ་ཁུལ་ཨུད་སྙན་ཞུ་ཚོམས་ཆེན་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་འཆར་གཞི་ལྟར་སྐུལ་འདེད་ནུས་ལྡན་གཏོང་བ་དང་གཙོ་གནད་ལས་དོན་ལ་དམིགས་ནས་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་ཧུར་ཐག་གིས་བདེ་ཆེན་འདི་ཉིད་དུས་རབས་གསར་པའི་རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་འགྱུར་བ་བྱེད་དགོས།
ཁུལ་ཨུའི་ཧྲུའུ་ཅི་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ཁུལ་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀུའུ་ཁུན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཆི་ཅན་ཞིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀུའུ་ཁུན་གྱིས་དཔེ་སྟོན་ཁུལ་གཏོད་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བླང་བྱ་ཞིག་ཡིན་ལ། བདེ་ཆེན་འདི་ཉིད་བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་པ། མི་རིགས་མཐུན་སྒྲིལ། ཞི་མཐུན་བརྟན་ལྷིང་བཅས་ཀྱི་བོད་རིགས་ས་ཁུལ་གསར་པ་ཞིག་ཏུ་བསྐྲུན་རྒྱུའི་བླང་བྱ་ཡང་ཡིན། ཁུལ་དེ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་ནས་རང་ཁུལ་གྱི་གསར་གཏོད་ལས་དོན་དེ་འཆར་གཞི་ལྟར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་འགན་ལེན་བྱས་ཀྱིས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ། ཧུར་ཐག་གིས་བདེ་ཆེན་འདི་ཉིད་དུས་རབས་གསར་པའི་རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལེགས་འགྲུབ་བྱ་དགོས་པ་ནན་གྱིས་བསྟན།