སེམས་ཀྱི་ཉི་ཟླས་ཕྱུགས་ལས་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་དུ་ས་བབ་དང་གནམ་གཤིས་སོགས་མི་འདྲ་བའི་རྐྱེན་གྱིས་ཕྱུགས་ལས་དར་སྲོལ་ཡང་མི་མཐུན་ལ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཤང་དུ་གནས་ཡོད་པའི་སེམས་ཀྱི་ཉི་ཟླ་མུའུ་ཀའོ་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིའི་བཤས་གླང་ཚད་ལྡན་ཅན་གསོ་སྤེལ་གནས་གཞིར་ཤ་རྒྱགས་པའི་བ་གླང་མང་པོས་གཟན་ཆག་ཟ་བཞིན་ཡོད་པ་དང་།  ལས་བྱེད་མི་སྣ་ཚོས་གླང་རའི་གཙང་སྦྲག་བྱེད་ཡོད།  ཀུང་སི་དེས་གསོ་སྤེལ་མཉམ་ལས་ཁང་5སྣེ་ཁྲིད་པ་དང་ཁེ་ལས་+གནས་གཞི་+མཉམ་ལས་ཁང་+ཞིང་དུད་ཀྱི་མཉམ་ལས་དཔེ་དབྱིབས་ལྟར།  ཁེ་ལས་ཀྱི་ཕྱིར་འཚོང་འགན་ཁུར་བ་དང་ལག་རྩལ་ཁྲིད་སྟོན་མཁོ་བཏོན་བྱས་པ།  གནས་གཞི་ལ་བརྟེན་ནས་མཉམ་ལས་ཁང་སྣེ་ཁྲིད་དེ་ཞིང་དུད་རྩ་འཛུགས་བྱས་ནས་བཤེས་གླང་གསོ་སྤེལ་བྱས་པ་དང་།  གཟན་ཆག་སྔོ་ནག་གསོ་འདེབས་བྱས་པ་རེད།

སེམས་ཀྱི་ཉི་ཟླ་མུའུ་ཀའོ་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིའི་གནས་གཞི་ནང་གི་བཤས་གླང་།

        ཤེས་རྟོགས་བྱུང་དོན།  ཞིང་དུད་ཀྱིས་ཁེ་ལས་ནས་ཟླ་བ་3ཅན་གྱི་བེའུ་ཉོ་སྒྲུབ་བྱས་པ་དང་ཟླ་བ་12གསོ་སྤེལ་བྱས་རྗེས་ཁེ་ལས་ཀྱིས་ཚུར་བསྡུ་པ།  བཤེས་གླང་རེར་ཡོང་བབས་ཕལ་ཆེར་སྒོར་2300ལྷག་བྱུང་ཐུབ།  དེ་མིན་ཞིང་དུད་ཀྱིས་ད་དུང་གནས་གཞིར་ལས་བྱེད་པ་དང་མ་རྨོས་ལོ་ཏོག་གསོ་འདེབས་བྱས་པ།  ལག་རྩལ་གསོ་སྦྱོང་སོགས་བྱས་ནས་ཡོང་བབས་བྱུང་ཐུབ་པ་དང་ཡིག་ཚགས་དང་གཱ་བཟོས་ཡོད་པའི་དབུལ་ཕོངས་དུད་ཚང་ལ་ཕན་འབྲས་མངོན་གསལ་ཐོན་འདུག

        ས་བབ་ཅུང་མཐོ་བའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཧོ་ཕིང་གྲོང་སྡེའི་ཅང་ཀེ་གྲོང་མི་ཚོ་ཆུང་དུ་གནས་ཡོད་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སུའུ་ཅེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་གནས་གཞིར་དབྱར་དུས་སུ་གཡག་ཅི་ཡང་མི་འདུག་པ་དང་འབྲོག་རར་དད་ཟིན།  ཀུང་སི་དེ་ནི་2015ལོར་བཙུགས་པ་དང་ཞིང་ལས་ཚན་རྩལ་ཞིབ་འཇུག་དང་ཁྱབ་སྤེལ།  རྩྭའི་ཐོན་རྫས་ཐོན་སྐྱེད་དང་བཟོ་སྣོན།  གཡག་གསོ་སྤེལ།  ཕྱུགས་ཤའི་ཐོན་རྫས་བཟོ་སྣོན།  ཕྱིར་འཚོང་སོགས་གཞི་གཅིག་ཏུ་བསྡུས་པའི་ཞིང་ལས་ཚན་རྩལ་གསར་གཏོད་ཅན་དང་ཕྱོགས་བསྡོམས་ཅན་གྱི་ཁེ་ལས་གཅིག་ཡིན།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སུའུ་ཅེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའིགནས་གཞིའི་མཛོད

        ཀུང་སིའི་གནས་གཞིའི་མཛོད་དུ།  ཕྱུགས་རྩྭ་དང་མ་རྨོས་ལོ་ཏོག  འབུ་སུ་ཧང་སྨུག་པོ། ཡུལ་པོ་སོགས་ཀྱི་སྡེབ་པའི་གཡག་གི་གཟན་ཆག་གྲ་སྒྲིག་བྱས་ཡོད་པ་དང་།  གཟན་ཆག་འདི་དག་ནི་ཀྲུང་གོའི་ཞིང་ལས་སློབ་ཆེན་དང་ཡུན་ནན་རྩྭ་སའི་སྲོག་ཆགས་ཚན་རིག་ཞིབ་འཇུག་གླིང་གི་ཆེད་མཁས་པ་རྣམས་ཀྱི་ཆེད་དམིགས་སུ་གཡག་ལ་བཀོད་སྒྲིག་བྱས་པ།  འབུ་སུ་ཧང་སྨུག་པོ་དང་མ་རྨོས་ལོ་ཏོག་ནི་ཡང་ཐང་དུ་གསོ་འདེབས་བྱས་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སུའུ་ཅེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའིའབུ་སུ་ཧང་སྨུག་པོའི་གསོ་འདེབས་གནས་གཞི།

        ཀུང་སི་བཙུགས་པའི་དུས་འགོར་ཡུན་ནན་ཞིང་ཆེན་རྩྭ་སའི་སྲོག་ཆགས་ཚན་རིག་ཞིབ་འཇུག་གླིང་དང་མཉམ་ལས་འབྲེལ་བ་བཙུགས་པ་དང་།  རྩྭ་ལས་དང་གཡག་གི་ཚན་རིག་ཞིབ་འཇུག་མང་པོ་བྱས།  རྒྱལ་ཁབ་ཀྱི་གཙོ་གནད་ཀྱི་ཞིབ་འཇུག་དང་གསར་སྤེལ་འཆར་གཞི་སྟེ་མཚོ་བོད་མཐོ་སྒང་གི་སྡེ་ཁུལ་སྐྱེ་ཁམས་ཕྱུགས་ལས་ནས་སེམས་ཀྱི་ཉི་ཟླའི་སྡེ་ཁུལ་ཕྱུགས་ལས་དར་འཕེལ་འདུ་ཤེས་ཞིབ་འཇུག་དང་ལག་རྩལ་འདུས་གྲུབ་དཔེ་སྟོན་ཞེས་པ་ལག་བསྟར་བྱས་པ་དང་།  རྣམ་གྲངས་དེས་ཕྱུགས་རྩྭའི་ས་བོན་ལེགས་འདེམས་དང་གསོ་འདེབས།  བཟོ་སྣོན་སོགས་ཀྱི་ཐད་ལ་ལག་རྩལ་གྱི་གཏོར་ས་གལ་ཆེན་བྱུང་བ་རེད།   མིག་སྔར།  ཀུང་སི་དེས་ཀུང་སི་+ཞིང་དུད་+གནས་གཞི་ཞེས་པའི་དར་འཕེལ་དཔེ་དབྱིབས་བརྒྱུད་ནས་དབུལ་ཕོངས་དུད་ཚང་8དབུལ་པོ་ལས་ཐར་པར་སྣེ་ཁྲིད་བྱས་ཡོད་པ་དང་། དེ་མིན་ཀུང་སིས་ལོ་ཧྲིལ་པོར་གླ་བ་མི་22གླ་ནས་དུད་ཚང་རེར་ལོ་རེར་སྒོར་8000ལྷག་གི་ཡོང་བབས་སྣོན་ཡོད་པ་རེད།