ཆི་ཅན་ཤིན་གྱིས་འཇོལ་རྫོང་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-15   རྩོམ་ཁུངས།   

    

    ཟླ་8་པའི་ཚེས་12་ཉིན་ཁུལ་དཔོན་ཆི་ཅན་ཤིན་གྱིས་ཁུལ་སྲིད་གཞུང་གི་བརྟག་ཞིབ་ཚོགས་ཆུང་ཁྲིད་དེ་འཇོལ་རྫོང་དུ་བརྟག་ཞིབ་གནང་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་8་པའི་ཚེས་12་ཉིན་ཁུལ་དཔོན་ཆི་ཅན་ཤིན་གྱིས་ཁུལ་སྲིད་གཞུང་གི་བརྟག་ཞིབ་ཚོགས་ཆུང་ཁྲིད་དེ་འཇོལ་རྫོང་དུ་རྣམ་གྲངས་འཛུགས་སྐྲུན་དང་དབུལ་ཐར་ལས་དོན་ལ་བརྟག་ཞིབ་གནང་བ།ཆི་ཅན་ཤིན་གྱིས་ཕྱོགས་བཅུའི་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཡང་མ་ཟད།ལོ་འཁོར་གྱི་དམིགས་འབེན་ལས་འགན་ཁག་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་།ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་མེས་རྒྱལ་གྱི་ལོ་70འཁོར་པར་ལེགས་སྐྱེས་ཕུལ་དགོས་པའི་བླང་བྱ་བཏོན་པ།

      ཉིན་དེར་ཆི་ཅན་ཤིན་དང་བཅས་པ་འཇོལ་རྫོང་ཀུའུ་ཅིའུ་ནུའུ་ཆུ་བེད་ལྟེ་བས་ལས་གྲྭ་དང་འཇོལ་རྫོང་གི་དྲོད་འདོན་རྣམ་གྲངས།ཡན་མོན་ཤང་གི་གུ་ཀྲ་གྲོང་ཚོའི་རི་ཉིལ་བྱུང་སར་བརྟག་ཞིབ་གནང་བ་དང་།འཇོལ་རྫོང་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འབྲལ་ཡོད་སྡེ་ཚན་ལ་བཞུགས་མོལ་གནང་བ།

      ཆི་ཅན་ཤིན་གྱིས་འཇོལ་རྫོང་ནི་རང་ཁུལ་གྱི་ཆ་རྐྱེན་ཆེས་དཀའ་ངལ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་གི་འཕེལ་རྒྱལ་ལ་དོ་ཁུར་དང་མཐོང་ཆེན་བྱས་ཡོད་ཏེ།འདི་ལོའི་རང་ཁུལ་གྱིས་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་བལྟས་ན་འཇོལ་རྫོང་གི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་།ནོར་སྲིད་ཀྱི་འགྲོ་སྒོའི་གཏོང་ཚད།སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་སོགས་ཚང་མ་འཆར་གཞི་དང་མི་མཐུན་པས།ལོ་འགོར་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ལེགས་གྲུབ་བྱུང་ཆེད།ལོ་སྨད་དུ་ད་དུང་འབད་བརྩོན་ལྡབ་འགྱུར་བྱེད་དགོས་ཞེས་བསྟན།