སེམས་ཀྱི་ཉི་ཟླའི་རི་སྐྱེས་སིལ་ཏོག་གི་བསླུ་བྲིད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར། སེམས་ཀྱི་ཉི་ཟླའི་སྤང་ལྗོངས་སུ་ཕྲེང་དམར་དང་སྦལ་ཐང་གི་ཡལ་ག་འབྲས་བུས་ཁེངས་ཤིང་། དམར་ལ་སྐྱུར་བའི་རྣམ་པ་མིག་ལ་སྣང་ཚེ་དངོས་གནས་མི་སེམས་འགུག་པ་ཞིག་རེད། 


        སྦལ་ཐང་ནི་སེ་རྒོད་ཚན་གྱི་དཔྱང་ཀྱོ་ཙི་ཁོངས་ཀྱི་ཤིང་རིགས་རྩི་ཤིང་ཞིག་ཡིན་པ་དང་། སིལ་ཏོག་གི་བྲོ་བ་སྐྱུར་མངར་ལྡན་པ། སྡོང་རྐང་གི་ཡལ་གའི་སྟེང་དུ་རྩེ་གུག་ཚེར་མ་སྐྱེས་ཡོད་ཅིང་། ཁ་མདོག་ལ་དམར་པོ་དང་། གསེར་མདོག་དང་ནག་པོ་སོགས་ཡོད། ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་སིལ་ཏོག་ཡིན་པའི་ཆ་ནས། ཀྲུང་གོར་ཁྱབ་ཚུལ་ཧ་ཅང་ཉུང་བ་དང་། བྱང་ཤར་ས་ཁུལ་ཁོ་ནར་འདེབས་གསོ་ཉུང་ཙམ་ཡོད་པ་དང་། ཁྲོམ་རར་མཐོང་རྒྱུ་ཅུང་དཀོན་པ་རེད། དེ་ལ་སྨན་ཀྱི་ནུས་པ་ཡོད་ལ། དེའི་འབྲས་བུ་ནི་མཁལ་མ་གསབ་པའི་ནུས་པ་ཡོད། དེ་ནི་ཚིལ་སྐྱུར་ཁོངས་སུ་གཏོགས་པ་དང་། དེས་གཤེར་རྨེན་ཟགས་པར་སྐུལ་འདེད་བྱེད་ཐུབ། 

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོའི་ཞིང་འདབས་གྲོང་ཆུང་གི་རི་ལྡེབས་སུ་མི་ཚོགས་ཀྱིས་ཁྱབ་ཅིང་དགོད་སྒྲས་ཁེངས། གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་སིལ་ཏོག་འཐུ་བ་དང་ཕྱིར་ཚོང་བྱེད་འགོ་ཚུགས་པ་དང་མི་གསུམ་བཞི་ཙམ་གྱིས་མཉམ་དུ་འཐོག་འཚོང་བྱས་ན་ཡོང་འབབ་སྒོར་ཁྲི་1ནས་སྒོར་ཁྲི་2བར་ལེན་ཐུབ་ཀྱིན་ཡོད་པ་རེད། 




     མེ་ཏོག་དབང་ལག་སྐྱེས་པའི་ས་ཆ་ནི་རི་གཟར་བརྒྱུད་ནས་ཡར་འཛེག་དགོས་ཤིང་། གཡང་གཟར་བའི་ས་ཆར་དེ་ཙམ་གྱིས་འབྲས་བུ་ཡག་པོ་ཐོན་གྱིན་ཡོད། དེའི་རྒྱུ་མཚན་ནི་ས་ཆ་དེ་དག་ལ་ཕྱི་རོལ་གྱི་ཤུགས་རྐྱེན་དང་གཏོར་བཤིག་ཕོག་པ་ཅུང་ཉུང་བ་རེད། མེ་ཏོག་དབང་ལག་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་དང་། དབུགས་ཀྱི་རྒྱུ་བ་དང་ཁྲག་ཀྱི་འཁོར་རྒྱུགས། རླན་སེལ་ཚ་བ་འཇོམས་པ་སོགས་ཀྱི་ནུས་པ་ཡང་ལྡན།