སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་སྤ་སེའི་རིན་གོང་ལེགས་སྒྲིག་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་སྤ་སེའི་རིན་གོང་ལེགས་སྒྲིག་བྱེད་པའི་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འགྲིམ་འགྲུལ་འདྲེན་སྲིད་དོ་དམ་སུའོ་རུ་འཚོགས་པ་དང་།           སྤྱི་སྤྱོད་རླངས་འཁོར་གྱི་སྤ་སེའི་རིན་གོང་མི་རེར་སྒོར་1ནས་མི་རེར་སྒོར་2སུ་ལེགས་སྒྲིག་བྱ་རྒྱུ།      ལོ་60ཡན་གྱི་མི་རྒས་ཀྱི་རིན་མི་དགོས་པར་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ཆོག་པའི་སྲིད་ཇུས་མི་འགྱུར་བ།འཐུས་མི་23གྱིས་སྤྱི་སྤྱོད་རླངས་འཁོར་གྱི་སྤ་སེའི་རིན་གོང་ལེགས་སྒྲིག་བྱས་པ་ལ་བསམ་འཆར་བཏོན་པ་དང་དེའི་ཁྲོད་དུ་མི་21གིས་སྤྱི་སྤྱོད་རླངས་འཁོར་གྱི་སྤ་སེའི་རིན་གོང་ལེགས་སྒྲིག་བྱེད་པ་ལ་མཐུན་པ་རེད།

        2016ལོ་ནས་བཟུང་།གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་རིམ་པ་མཐོ་རུ་གཏོང་བ་དང་གྲོང་མི་ལ་སྤུས་ལེགས་དང་སྐྱིད་པའི་ཕྱིར་འགྲོ་ཁོར་ཡུག་བཏོན་པའི་ཆེད་དུ། སྤྱི་སྤྱོད་རླངས་འཁོར་ཁེ་ལས་ཀྱིས་མ་དངུལ་འཇོག་ཤུགས་ཆེར་བཏང་ནས་ནུས་ཁུངས་གསར་པའི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་སྤྱོད་རླངས་འཁོར་56ཉོ་སྒྲུབ་བྱས་ནས་བརྗེ་བ་རེད།2018ལོ་ནས་བཟུང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལོ་60ཡན་གྱི་མི་རྒས་དང་དམག་མི་རིན་མི་དགོས་པར་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་།མི་རྒས་ཀྱི་རིན་མི་དགོས་པར་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ཆོག་པའི་གཱ་ཕལ་ཆེར་2000གཏོང་བ།2018ལོའི་བདག་གཉེར་གནས་ཚུལ་ལ་ལྟར་ན། གྱོང་གུན་ཕོག་པའི་གནས་ཚུལ་གནས་ཡོད་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཚོགས་འདུ་འཚོགས་ནས་སྤྱི་སྤྱོད་རླངས་འཁོར་གྱི་སྤ་སེའི་རིན་གོང་ལེགས་སྒྲིག་བྱས།

        ཚོགས་འདུའི་ཐོག   འདྲེན་སྲིད་སྡེ་ཚན་གྱིས་སྤྱི་སྤྱོད་རླངས་འཁོར་བདག་གཉེར་བྱེད་ཡོད་པའི་ཁེ་ལས་གྱི་ལྟ་སྐུལ་དང་དོ་དམ་གྱི་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་།  དངོས་གནས་ཀྱིས་སྤྱི་སྤྱོད་རླངས་འཁོར་བདག་གཉེར་ཁྲོད་གནས་ཡོད་པའི་དུས་ཐོག་ཏུ་མི་སླེབས་པ་དང་ས་ཚིགས་སུ་མི་སྡོད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན། སྤྱི་སྤྱོད་རླངས་འཁོར་ཁེ་ལས་ཀྱིས་ཞབས་ཞུའི་སྤུས་ཚད་ཇི་ལྟར་མཐོར་གཏོང་རྒྱུ་དང་།བདག་གཉེར་གྱི་ལམ་ཐིག་ལེགས་སུ་གཏོང་བ་སོགས་ཀྱི་ཐད་སྤྱོད་གོ་ཆོད་པའི་ཇུས་གཞི་འདོན་དགོས་པའི་བླང་བྱ་བཏོན་པ་རེད།