རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲི་བའི་འཕྲིན། ཟླ་8པའི་ཚེས་15ཉིན། ཡུན་ནན་ཞིང་ཆེན་གྱིས་བོད་འབྲེལ་ཁུལ་དང་གྲོང་ཁྱེར་གྱི་ཕྱི་དོན་རོགས་ལས་མཉམ་ཞུགས་ཚོགས་འདུ་སྐབས་དང་པོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཏཱ་ལི་དང་ས་དམ། བདེ་ཆེན། ནུའུ་ཅང་བཅས་ཁུལ་དང་གྲོང་ཁྱེར་བཞིའི་ཚོགས་ཞུགས་འགོ་ཁྲིད་ཀྱིས་བོད་འབྲེལ་ཕྱི་དོན་ལས་ཀའི་ཉམས་མྱོང་སྐོར་སྤེལ་རེས་གཏམ་བཤད་བྱས་པ་དང་། ཕྱི་དོན་རོགས་ལས་མཉམ་ཞུགས་ཚོགས་འདུའི་བརྗེད་ཐོ་འཇོག་པ་རེད།
ཚོགས་འདུའི་ཐོག ཉེ་བའི་ལོ་ལྔའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ཕྱི་དོན་ལས་ཀ་སྤེལ་ཚུལ་ཕྱོགས་བསྡོམས་བྱས་པ་དང་། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་ཕྱི་དོན་གཞུང་ལས་ཁང་གི་གསར་གཏོད་རང་བཞིན་སྒོས་བོད་འབྲེལ་ཕྱི་དོན་ལམ་ལུགས་བཙུགས་པ་ལ་ཚད་མཐོའི་ཁས་ལེན་གནང་བ། དེ་མིན་མིག་སྔའི་ཕྱི་དོན་ལས་ཀ་ལ་འཕྲད་ཡོད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་གོམ་སྟབས་རྗེས་མའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་ཁག་གིས་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ཕྱི་དོན་ལས་ཀ་ལ་འཕྲད་ཡོད་པའི་གནས་བབ་ལ་ངོས་འཛིན་ཡང་དག་བྱེད་དགོས་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་གསར་པ་འཛིན་དགོས་པ། སྒོ་འབྱེད་ཀྱི་བླང་བྱ་གསར་པ་ལ་བསྟུན་ནས་སྔར་ལས་ལྷག་པར་ཕྱི་ཕྱོགས་ལ་སྒོ་འབྱེད་པ་དང་བོད་འབྲེལ་ལས་ཀ་ཡག་པོ་སྒྲུབ་པའི་གསོན་ཤུགས་སྐུལ་སློང་བྱེད་དགོས། ད་ཕྱིན་གྱི་དུས་སྐབས་ཞིག་ཏུ་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ཕྱི་དོན་ལས་ཀས་མུ་མཐུད་དུ་རྒྱལ་ཁབ་སྤྱི་ཁོག་གི་ཕྱི་འབྲེལ་དང་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། བདེ་འཇགས་བརྟན་ལྷིང་གཙོ་བོར་བྱས་ནས། ཁྱིམ་མཚེས་འདུ་ཤེས་དྲག་པོར་གཏོང་དགོས་པ་དང་འཆམ་མཐུན་གྱི་མཐའ་འཁོར་འཛུགས་སྐྲུན་བྱེད་དགོས། ཞབས་ཞུའི་འདུ་ཤེས་དྲག་པོ་གཏོང་དགོས་པ་དང་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། སྡུག་འབྱུང་འདུ་ཤེས་དྲག་པོར་གཏོང་དགོས་པ་དང་ཚན་རིག་སྒོས་བོད་འབྲེལ་ཕྱི་དོན་གྱི་བདེ་འཇགས་འགྲན་སློང་ལ་ཁ་གཏད་བྱེད་དགོས། གོ་སྐབས་དམ་འཛིན་བྱེད་དགོས་པ་དང་རང་རྟོགས་སྒོས་ལས་སྒྲུབ་བྱས་ནས་ཁྱིམ་མཚེས་མཛའ་མཐུན་སྲ་བརྟན་གཏོང་བ་དང་། སྤེལ་རེས་རྒྱ་སྐྱེད་བྱེད་དགོས། གཉིས་ཕན་མཉམ་ལས་གཏིང་ཟབ་གཏོང་དགོས་པ་དང་སྒོ་འབྱེད་ཆུ་ཚད་མཐོར་འདེགས་ནས་ས་གནས་དང་ཞིང་ཆེན་ཡོངས་ཀྱི་ཚན་རིག་འཕེལ་རྒྱས་དང་འཆམ་མཐུན་འཕེལ་རྒྱས། མཆོང་སྐྱོད་འཕེལ་རྒྱས་ལ་ཧུར་ཐག་གི་བྱས་རྗེས་འཇོག་དགོས་ཞེས་པའི་བླང་བྱ་བཏོན།
ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཅུན། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེང་ཕེང་། ཁུན་མིང་གྲོང་ཁྱེར་དང་པའོ་ཧྲན་གྲོང་ཁྱེར། ཏེ་ཧུང་ཁུལ། ཏཱ་ལི་ཁུལ། ས་དམ་གྲོང་ཁྱེར། ནུའུ་ཅང་ཁུལ་གྱི་ཕྱི་དོན་ལས་ཀའི་གཞུང་ལས་ཁང་གི་འགན་ཁུར་མི་སྣ་ཚོགས་འདུར་ཞུགས།