རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུང་དབྱང་ནག་ཚོགས་གཙང་སེལ་ལྟ་སྐུལ་སློབ་སྟོན་ཚོ་ཆུང་20པས་ཡུན་ནན་དུ་ལྟ་སྐུལ་སློབ་སྟོན་བྱེད་པའི་དུས་རིམ་དང་པོ་དང་གཉིས་པར་ལྟ་སྐུལ་སློབ་སྟོན་བྱེད་ཞོར་དུ་ལེགས་བཅོས་བྱེད་པའི་གནད་དོན་དག་ཐེར་ལེགས་བཅོས་ཀྱི་བླང་བྱ་ལྟར། བདེ་ཆེན་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལྟ་སྐུལ་སློབ་སྟོན་བྱེད་ཞོར་དུ་ལེགས་བཅོས་བྱེད་པའི་གནད་དོན་དག་ཐེར་ལེགས་བཅོས་ཀྱི་ལས་ཀའི་ཇུས་གཞི་གཏན་འབེབས་བྱས་ནས། ནུས་ལྡན་གྱི་བྱེད་ཐབས་བརྒྱུད་དེ་ཀྲུང་དབྱང་ནག་ཚོགས་གཙང་སེལ་གྱི་སྲིད་ཇུས་བཀོད་སྒྲིག་དོན་དུ་འཁྱོལ་བར་ཁག་ཐེག་བྱས་པ་རེད།
མིག་སྔར། བདེ་ཆེན་ཁུལ་གྱིས་ནག་ཚོགས་དང་འབྲེལ་བའི་རུས་སུངས་གནད་དོན་གྱི་ཁུངས་སྣེ་16གྱོད་ཁོངས་སུ་བཅུག་ནས་རྩད་གཅོད་བྱས་ཡོད་ལ། དེའི་ཁྲོད་དུ་གྱོད་དོན་6ཐག་གཅོད་པ་དང་ནག་ཚོགས་དང་འབྲེལ་བའི་རྒྱབ་རྩ་3ཉེས་ཆོད་གཅོད་པ།
ཁུངས་སྣེ་གནད་ལ་འཁེལ་བའི་ཆེད་དུ། རང་ཁུལ་གྱིས་གནད་དོན་གྱི་ཁུངས་སྣེ་དུས་ཚོད་ངེས་ཅན་དུ་སྐྱེལ་སྤྲོད་བྱེད་པའི་སྒྲིག་གཞི་བཙུགས་པ་དང་། ཟླ་བ་རེའི་ཚེས་25ཉིན་དུ་སྲིད་ཁྲིམས་ལས་ཁུངས་ཀྱིས་སྐྱེལ་སྤྲོད་བྱས་པའི་གནད་དོན་གྱི་ཁུངས་སྣེ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྒྱུས་ལོན་ཡོད་པའི་གནད་དོན་ཁུངས་སྣེ་གསེད་བཀྲོལ་ཕྱོགས་བསྡུས་བྱས་པ། རྫོང་དང་གྲོང་ཁྱེར་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན། ཤང་དང་གྲོང་རྡལ་29ཡི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། མངགས་སྡོད་ལས་ཁུངས་ཁག སྐོར་ཞིབ་ཚོ་ཆུང་བཅས་ཀྱིས་དངོས་གནས་ཀྱིས་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ཀྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། རྨང་གཞི་དེའི་སྟེང་དུ་ཁུལ་སྤྱི་བདེ་ཅུས་དང་མཐུན་སྦྱོར་འབྲེལ་འདྲིས་བྱས་ནས་གཟའ་ཟླ་བ་ཁུངས་སྣེ་སྐྱེལ་སྤྲོད་བྱེད་པའི་ཉིན་མོར་གཏན་འབེབས་བྱས་པ། དུས་ཐོག་ཏུ་ཁུལ་ཡོངས་ཀྱི་ནག་ཚོགས་དང་འབྲེལ་བའི་རུས་སུངས་གནད་དོན་དང་རྒྱབ་རྩ་ལ་ཉེས་ཆོད་བྱེད་པའི་གསོ་སྦྱོང་ཚོགས་འདུ་འཚོགས་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མི་སྣ་ཞུགས་པ་རེད། ཁུལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ནག་ཚོགས་དང་འབྲེལ་བའི་རུས་སུངས་དང་རྒྱབ་རྩ་ཟབ་སྔོག་ནན་བཤེར་གྱི་ལས་ཀ་སྤེལ་བའི་གནས་ཚུལ་ལ་ཆེད་དམིགས་ཀྱི་ལྟ་སྐུལ་སློབ་སྟོན་བྱེད་པའི་བརྡ་ཐོ་གཏོང་བ་དང་ ལྟ་སྐུལ་སློབ་སྟོན་ཚོ་ཆུང་3བཙུགས་ནས། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལྟ་སྐུལ་ཁང་གིས་འབྲེལ་བ་བྱེད་པའི་རྫོང་དང་གྲོང་ཁྱེར་ལ་ལྟ་སྐུལ་དང་སློབ་སྟོན་བྱེད་པ། ལྟ་སྐུལ་སློབ་སྟོན་ཚོ་ཆུང་གིས་བཅའ་འདྲི་དང་སྙན་སེང་ཉན་པ་སོགས་ཀྱི་ལས་ཀའི་བྱེད་ཐབས་བརྒྱུད་ནས་ཁུལ་རིམ་པའི་སྲིད་ཁྲིམས་ལས་ཁུངས་3དུ་མངགས་སྡོད་བྱེད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་དང་། རྫོང་དང་གྲོང་ཁྱེར་3གྱི་ལས་ཁུངས་7དང་ཤང་གྲོང་3ལ་ལྟ་སྐུལ་སློབ་སྟོན་བྱེད་པ།
དུས་མཚུངས་སུ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་སྔར་ལས་ལྷག་པར་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་བྱེད་སྒོའི་སྡེ་ཁག་སོ་སོ་དང་མངགས་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། རྫོང་དང་གྲོང་ཁྱེར་ཁག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་རྒྱབ་རྩ་གཏོར་བ་ཁྲོད་ཀྱི་འགན་འཁྲི་ནན་དུ་ཁུར་བཅུག་ནས། ཁུལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མ་ལག་གིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ཟློས་མཐུན་མཉམ་འདར་ཡིན་པར་སྐུལ་འདེད་གཏོང་བ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོས་རྫོང་དང་གྲོང་ཁྱེར་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་མངགས་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་བདེ་ཆེན་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ནག་ཚོགས་དང་འབྲེལ་བའི་རུས་སུངས་དང་རྒྱབ་རྩ་ཟབ་སྔོག་ནན་བཤེར་གྱི་དམིགས་འབེན་དོ་དམ་འགན་འཁྲིའི་ཡི་གེ་34འཇོག་ནས། དམིགས་འབེན་དང་བླང་བྱ། ལས་ཀའི་འགན་འཁྲི། འགན་འཁྲི་བདའ་འདེད་ཀྱི་བྱེད་ཐབས་གསལ་པོ་གཏོང་བ་རེད།