ཀུའུ་ཁུན་གྱིས་བདེ་ཆེན་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་8པའི་ཚེས་12ཉིན་ནས་ཚེས་13ཉིན་བར།  ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་དམངས་ཆེན་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་བདེ་ཆེན་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁེ་ལས་ཁག་ཅིག་གི་ས་གནས་སུ་གཞུང་དོན་སྒྲུབ་པར་བསྐྱོད་དེ་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་འབྲེལ་གསར་སྤེལ་ཁུལ་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ནན་ཏན་ངང་སྤེལ་ཏེ་སྣོད་བཅུད་ལེགས་ཆ་དང་།གནམ་གཤིས་ལེགས་ཆ། ལམ་སྲོལ་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད། དཔལ་འབྱོར་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་། བརྟན་བརླིང་དང་གོང་འཕེལ་མཐའ་        འཁྱོངས་བྱེད་པ། ཚུལ་སྒྱུར་རིམ་སྤོར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ། སྤྱི་དབང་མིན་པའི་གསར་སྤེལ་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 

        ཀུའུ་ཁུན་གྱིས་སྔ་རྗེས་སུ་ཡུན་ནན་ཙང་ཞུང་ཆང་ལས་དང་། སེམས་ཀྱི་ཉི་ཟླའི་ཆང་ལས།   གཙང་གསུམ་སྐྱེ་དངོས་སོགས་ཁེ་ལས་སུ་བསྐྱོད་དེ་ཐོན་སྐྱེད་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་ངང་གསན་པ་དང་།     ཁེ་ལས་ཀྱི་འགན་འཁུར་བ་ལ་བྱམས་བརྩེའི་ངང་བཞུགས་མོལ་གནང་།    ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་།  འཕེལ་རྒྱས་ཀྱི་གནས་ཚུལ།       འཕེལ་རྒྱས་ཁ་ཕྱོགས་བཅས་ལ་རྟོག་ཞིབ་གནང་བར་མ་ཟད། ཁེ་ལས་ཀྱི་ས་ཆ་དང་། ལས་མི་བཀོད་སྒྲིག་སོགས་ཀྱི་ཐད་དམིགས་བསལ་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།ཁོང་གིས་ཁེ་ལས་ལ་མུ་མཐུད་དུ་ད་ཡོད་ཀྱི་ལེགས་ཆ་སྲ་བརྟན་དང་མཐོ་རུ་བཏང་ནས་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་ཞེས་བསྟན་པ་རེད།

        བརྟག་ཞིབ་གནང་བའི་སྐབས་སུ།ཀུའུ་ཁུན་གྱིས་སྤུས་ཚད་ནི་ཁེ་ལས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས་ཁེ་ལས་ཀྱིས་ཐབས་བརྒྱ་ཇུས་སྟོང་ངང་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། སྤུས་ཚད་ལ་བརྟེན་ནས་ཁྲོམ་ར་གསར་འབྱེད་བྱེད་པ།སྤུས་ཚད་ལ་བརྟེན་ནས་ཁྲོམ་ར་སྲ་བརྟན་གཏོང་བ་བཅས་བྱས་ཚེ་གཞི་ནས་ཁེ་སྤོགས་གྱ་ནོམ་པ་དང་དཔལ་འབྱོར་གྱི་ཕན་འབྲས་དེ་བས་ཆེ་བ་ཐོབ་ཐུབ་ཟེར། མིག་སྔའི་འཕེལ་རྒྱས་ཁོར་ཡུག་གི་དུས་བབ་འོག་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་དངོས་ཚན་དཔལ་འབྱོར་སྟོབས་ཆེ་རུ་གཏོང་དགོས་པ་དང་། མཐོ་རིམ་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། སྲོལ་རྒྱུན་ཅན་སྒྱུར་བཀོད་རིམ་སྤོར་དང་ཁེ་ལས་ཀྱིས་ཐོན་རྫས་གསར་གཏོད།དོ་དམ་གསར་གཏོད། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་མ་བྱེད་པ། གློག་དང་། ཆུ། སྐྱེལ་འདྲེན་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་ཚན་རིག་དང་མཐུན་པའི་སྒོ་ནས་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་དགོས་མཁོ་འགན་ལེན་བྱེད་དགོས་པ་ནན་བཤད་གནང་བ་རེད། 

        ཡུལ་དངོས་སུ་གཟིགས་ཞིབ་དང་སྙན་སེང་ལ་གསན་རྗེས་ཚེས་13ཉིན་གསར་སྤེལ་ཁུལ་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཀུའུ་ཁུན་གྱིས་ཁེ་ལས་ཁག་གིས་ཐོག་མཐའ་བར་གསུམ་དུ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། དེ་དང་ཆབས་ཅིག་ས་ཁུལ་དེའི་དངོས་ཚན་ཁེ་ལས་5ཡི་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་ཡག་པོ་ཡོད་པར་དམིགས་ནས་གསར་སྤེལ་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དུས་ཐོག་ཏུ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཁ་ཞེ་གཉིས་མེད་ཀྱིས་ཁེ་ལས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་།མ་དངུལ་དང་།ལག་རྩལ། ཤེས་ལྡན་མི་སྣ་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁེ་ལས་སུ་འདུ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་འགྲན་རྩོད་བྱེད་ནུས་དང་ཉེན་འགོག་ནུས་པ་ཆེ་རུ་གཏོང་དགོས།དུས་མཚུངས་སུ་གཙོ་གནད་གསུམ་ལ་ཤུགས་སྣོན་རྒྱག་དགོས།གཅིག་ནས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། གཉིས་ནས་ཕན་འབྲས་ཆེ་རུ་གཏོང་དགོས། གསུམ་ནས་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། གསར་སྤེལ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་གཏོད་རྒྱུ་དམིགས་ཚད་དུ་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་དང་ཚད་གཞིའི་བླང་བྱ་གཞིར་བཟུང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས། 

        ཀུའུ་ཁུན་གྱིས་མིག་སྔར་གསར་སྤེལ་ཁུལ་དེ་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་སྒོ་གལ་ཆེན་ཞིག་ཏུ་གནས་པ་དང་དུས་མཚུངས་ལྔ་ཚན་བཅུ་གསུམ་པའི་འགག་སྒོ་དང་ལོ་ལྔ་ཚན་བཅུ་བཞི་པ་འགོ་ཚུགས་པའི་འགག་རྩའི་ལྷུ་ཚིགས་སུ་གནས་ཡོད་པས། གསར་སྤེལ་ཁུལ་གྱིས་ཐུན་མོང་མ་ཡིན་པའི་ལེགས་ཆ་གང་ལེགས་སྤྱད་དེ་རང་འགུལ་ངང་བྱས་རྗེས་བཞག་ནས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཡག་པོ་བྱེད་དགོས། 

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུན་སུང་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེང་ཕུང་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་རེད།