ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཐེངས་བཅུ་གཅིག་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-03   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཟླ9བའི་ཚེས2ཉིན་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་ནས་འཚོགས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁི་ཆང་། ཝང་ཧུའ་ཉིང་། ཝང་ཆི་ཧྲིན་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་ཞུགས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

         ཟླ9བའི་ཚེས2ཉིན། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཐེངས་བཅུ་གཅིག་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་པེ་ཅིན་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་གྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཐང་ཆེན་མོ་རུ་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་ཁོ་ཚོར་མི་ཆོས་དང་བྱམས་བརྩེ། བློས་གཏོང་གི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས་བཅོས་སྒྱུར་གསར་གཏོད་དང་འབད་འབུངས་ཡར་བརྩོན་གྱིས་རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་ཀྱི་ཐད་ལ་སྔར་ལས་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་སྐུལ་མ་གནང་།

        ཟླ9བའི་ཚེས2ཉིན་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་ནས་འཚོགས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁི་ཆང་། ཝང་ཧུའ་ཉིང་། ཝང་ཆི་ཧྲིན་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་ཞུགས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

        ཟླ9བའི་ཚེས2ཉིན་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་ནས་འཚོགས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁི་ཆང་། ཝང་ཧུའ་ཉིང་། ཝང་ཆི་ཧྲིན་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་ཞུགས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གཉིས་མཇལ་འཕྲད་ལ་ཞུགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཚོགས་ཆེན་འགོ་རྩོམ་པའི་མཛད་སྒོར་ཞུགས།

        སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཕེབས་པ་ན་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་རྣམས་ལ་བརྩེ་བའི་ཕྱག་འཇ་གནང་བར་མ་ཟད། ཚང་མ་དང་མཉམ་དུ་རྗེས་དྲན་གྱི་མཉམ་པར་བསྐྱོན།

        སུན་ཁྲུན་ལན་མཇལ་འཕྲད་དང་གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། ཁོ་མོས་བཤད་རྒྱུར། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་ཏུ། རྒྱ་གྲམ་དམར་པོའི་ལས་དོན་གྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། འགོ་འཛུགས་ས་གསར་བའི་སྟེང་ནས་རྒྱ་གྲམ་དམར་པོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཁ་ཕྱོགས་ཡང་དག་གཏན་འཁེལ་བྱེད་པ། མི་ཆོས་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་བ། ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ། བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ། རྒྱལ་སྤྱིའི་རོགས་སྐྱོར་བྱ་བ་སྤེལ་བ། དམངས་ཁྲོད་བརྗེ་རེས་དར་སྤེལ་དུ་བཏང་ནས། རྒྱལ་ཁབ་ལ་བྱས་རྗེས་འཇོག་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

        ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ཁྲིན་ཀྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕིས་ཏི་མའོ་ལི་ཨར་གྱིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།

        གྲོས་ཚོགས་ནས་སྐབས་ཞེ་བདུན་པའི་ནན་ཏེན་ཀི་ཨར་བྱ་དགའ་ཐོབ་པའི་ཀྲུང་གོའི་མི་རྣམས་ལ་བྱ་དགའ་གནང་བར་མ་ཟད། རྒྱལ་ཡོངས་རྒྱ་གྲམ་དམར་པོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་སོ་གཉིས་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་བཅུ་ལ་གཟེངས་བསྟོད་གནང་།

        ཏིན་ཞོའེ་ཞང་དང་དབྱང་ཅེ་ཁྲི། ཧོང་ཁུན་མེན། ཞའོ་ཅེ་བཅས་མཇལ་འཕྲད་ལ་ཞུགས། །