འཇོལ་རྫོང་གིས་ཡུལ་སྐོར་དབུལ་སྐྱོར་བརྟེན་ནས་མང་ཚོགས་ཀྱི“འབྱོར་འབྲིང་གི་ཕུགས་འདུན”བཏོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཁ་བ་དཀར་པོའི་རྒྱང་ལྗོངས།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། འཇོལ་རྫོང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་ཕྱོགས་སུ་གནས་ཡོད་པ་དང་། འཇོལ་རྫོང་ལ་རང་བྱུང་དང་སྐྱེ་ཁམས་རིག་གནས་ཀྱི་ཐོན་ཁུངས་ཡོད་པ་སྟེ། སྨན་རིའི་ཁོག“ཡུན་ནན་ཡུལ་སྐོར་གོང་མའི་ཅོད་པན་ཐོག་གི་མུ་ཏིག”ནི་སེམས་ཀྱི་ཉི་ཟླའི་གནས་ཚད་ཡིན། རྫ་ཆུ་སྨན་རིའི་གྲོག་རོང་ཆེ་མོ“ཀྲུང་གོའི་གྲོག་རོང་ཆེ་ཤོས་བཅུའི་གྲས་ཤིག”ཏུ་བདམས་པ་དང་།  པད་མ་རི་བོའི་སྟག་མའི་ནགས་ཚལ་དེ“ཀྲུང་གོའི་ནགས་ཚལ་ཆེ་ཤོས་བཅུའི་གྲས་སུ་བདམས་པ། གླེགས་བམ་གྲོང་ཚོ“རྐང་ཐང་ལ་སྐྱོད་མཁན་གྱི་ལྷ་ཡུལ་དང་གོམ་སྟབས་ཡག་ཤོས་ཀྱི་ལམ་ཐིག”བཅས་ལ་བདམས་ཡོད་པ་རེད།

གླེགས་བམ་གྲོང་ཚོ།

        གྲོང་གསེབ་ཀྱི་ཡུལ་སྐོར་དེ་ཐོན་ལས་དབུལ་སྐྱོར་གྱི་འགག་རྩར་བརྩིས་ནས“ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་མཛོད་ནང་བཅུག་ནས“གྲོང་གསེབ་ཀྱི་ཡུལ་སྐོར+ཐོན་ལས་དབུལ་སྐྱོར”གྱི་བྱེད་ཐབས་སྤྱད་དེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་སྦྲེལ་ཐག་ཐད་མང་ཚོགས་ལ་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། 2018ལོ་ནས་བཟུང་མ་དངུལ་སྒོར་ཁྲི་7500བསྡུ་སྒྲིལ་བྱས་ནས་ཡུན་ལིང་ཤང་ཤིས་ཏང་ཆུ་ཚན་དང་། བྲག་ཞབས་ཤང་ཧྲི་པ་ཆུ་ཚན། ཡན་མོན་ཤང་ཀུའུ་ཀྲ་ཆུ་ཚན། ཧྥོ་ཧྲན་ཤང་ཧྲུའོ་ཏ་མཚེའུ་ཡི་གྲོང་གསེབ་ཡུལ་སྐོར། གཡུ་རྒྱས་གྲོང་ཚོའི་བཀྲ་ཤིས་དཔལ་ལྡན་ཤང་གྲོང་ཚོ་འཛུགས་སྐྲུན། ཡན་མོན་ཤང་ཀུའུ་ཀྲ་གྲོང་ཚོའི་ཆུ་ཚན་སོགས་མཉམ་སྡེབ་དཔལ་འབྱོར་དང་གྲོང་གསེབ་ཡུལ་སྐོར་ལག་ལེན་བསྟར་བ་རེད། གནས་གཅིག་གིས་ཁྱོན་འཁྲིད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་དང“ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག”གི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

པད་མ་རི་བོའི་སྟག་མའི་ནགས་ཚལ།

        མིག་སྔར་རྫོང་ཁོངས་སུ་A4རིམ་པའི་མཛེས་ལྗོངས་ཁུལ་ཞིག་དང་། A2རིམ་པའི་མཛེས་ལྗོངས་ཁུལ་1Aརིམ་པ་མིན་པའི་མཛེས་ལྗོངས་ཁུལ་6ཡུལ་སྐོར་མ་འཇོག་ཀུང་སི་2དང་། ཡུལ་སྐོར་ལས་དོན་ཁང་2ཨར་ཁང་47དང་ཡུལ་མིའི་མགྲོན་ཁང་268བཅས་ཡོད་པ་དང་། གཙོ་གནད་ཡུལ་སྐོར་གྲོང་སྡེ་21ཡོད་པ་དང་ཡུལ་སྐོར་ལས་དོན་པ་5800ལྷག་ཙམ་ཡོད་པ་རེད། 2019ལོའི་ལོ་སྟོད་དུ་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་156.59ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་17.33ཟིན་ནས་ཡུལ་སྐོར་ལས་རིགས་དེ་འཇོལ་རྫོང་གྱི་གནད་སྨིན་དབུལ་སྐྱོར་གྱི་ལེགས་ལྡན་ཐོན་ལས་སུ་གྱུར་ཡོད། 

གླེགས་བམ་དུ་ཡུལ་སྐོར་འགྲོ་བ།