རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
2018ལོ་ཤར་ཚུན། དཔའ་ཤོད་རྫོང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་གཞི་རྟེན་དང་། ཞབས་འདེགས། སློབ་སྦྱོང་། ལམ་ལུགས་བཅས་ཀྱི་་དམ་འཛིན་ལ་འབད་བརྩོན་བྱས་ནས་ཞིང་འབྲོག་པར“མི་སྣ་བཞི”ཡག་པོ་བྱས་ནས། གྲོང་སྡོད་ལས་དོན་ལ་སྐུལ་འདེད་བཏང་བར་ཕན་འབྲས་གསར་པ་ཐོན་ཡོད།
གཞི་རྟེན་ལ་དམ་འཛིན་གྱིས་སྲིད་ཇུས་སྒྲོག་འགྲེལ་བ་ཡག་པོ་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཕུགས་ལ་བསམ་བློ་གཏོང་བ་དང་དོན་དངོས་ནས་འགོ་བཙུགས་ཏེ། སྲིད་ཇུས་སྒྲོག་འགྲེལ་ལས་སྟེགས་འཛུགས་སྐྱོང་ཐད་བྱ་བ་དངོས་སྒྲུབ་པ་དང་ནུས་ཤུགས་དངོས་བཏོན་ནས། ཞིང་འབྲོག་པས་ཞིང་སྐྱོར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་སྣ་ཚོགས་བློ་ལ་ངེས་པ་དང་ཀུན་གྱིས་ཤེས་པའི་འགན་ལེན་བྱས་པ་རེད།
ཞབས་འདེགས་ལ་དམ་འཛིན་གྱིས་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣ་ཡག་པོ་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་པར་ཞབས་འདེགས་ཞུ་བ་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་རྩ་བའི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཟས་གོས་འགྲོ་སྡོད་སོགས་ཕྱོགས་ཡོངས་དང་གནས་ཡོངས་ནས་ཞིང་འབྲོག་པར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཏན་ཏིག་བཏང་བ་རེད།
སློབ་སྦྱོང་ལ་དམ་འཛིན་གྱིས་ཆ་འཕྲིན་བརྒྱུད་སྤེལ་མི་སྣ་ཡག་པོ་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་པར་ལས་ཞུགས་དང་། སྨན་བཅོས། སློབ་གསོ། རྒྱལ་སྤྱི་རྒྱལ་ནང་གི་གལ་ཆེའི་གསར་འགྱུར་སོགས་ཀྱི་ཆ་འཕྲིན་མཁོ་འདོན་ཧུར་ཐག་བྱས་ཏེ། ཞིང་འབྲོག་པས་ཕྱི་རོལ་གྱི་འཛམ་གླིང་ལ་ངོས་འཛིན་གཏིང་ཟབ་བྱེད་དུ་བཅུག་པས། ཞིང་འབྲོག་པའི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།
ལམ་ལུགས་ལ་དམ་འཛིན་གྱིས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་འཛིང་བ་ཡག་པོ་ཞིག་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁྲི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ཀྱི་ལམ་སྲོལ་བཙུགས་ཏེ། འགན་འཁྲི་མི་ལ་འཁྱོལ་བར་བྱས་པ་མ་ཟད། མེ་སྐྱོན་དང་། རྐུ་མ། གཏོར་སྐྱོན། རང་བྱུང་གནོད་འཚེ་བཅས་སྔོན་འགོག་གི་ནང་སྦྱོང་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་པ་རེད།