མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས། མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་དགོས།
« མི་དམངས་ཉིན་རེའི་ཚགས་པར་» གྱི་དཔྱད་གཏམ་པའི་རྩོམ་ཡིག་“ མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།” ཞེས་པའི་ཁག་ལྔ་བ།
མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས། མཉམ་དུ་དར་རྒྱས་གོང་འཕེལ་གཏོང་རྒྱུ་ནི་དུས་རབས་གསར་བའི་དུས་སྐབས་གསར་བའི་ནང་གི་རང་རྒྱལ་གྱི་མི་རིགས་བྱ་བའི་བརྗོད་བྱ་གཙོ་བོ་ཡིན། བརྗོད་བྱ་དེ་ལས་འཕེལ་རྒྱས་ནི་ཏང་གི་སྲིད་བསྐྱངས་ཏེ་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་དང་པོ་ཡིན་པ་དང་། མི་གཙོ་བོར་འཛིན་པའི་བརྗོད་བྱའི་སྙིང་བོ་ཡིན་པ། ཕྱོགས་ཡོངས་སྙོམས་སྒྲིག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གཞི་རྩའི་རེ་བ་ཡིན་པ། གཅིག་གྱུར་འཆར་འགོད་དང་ཕན་ཚུན་རོགས་འདེགས་བྱེད་པའི་རྩ་བའི་བྱེད་ཕྱོགས་ཡིན་པ་བཅས་མངོན་པར་མཚོན་ཡོད་ལ། ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་མི་རིགས་བྱ་བའི་ཁྲོད་ཀྱི་ཞིབ་རྒྱས་ཀྱི་སྤྱོད་སྟངས་དང་མཚོན་སྟངས་ཀྱང་རེད། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས། མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བའི་བརྗོད་བྱ་གཙོ་བོ་དེ་དམ་པོར་བཟུང་ན། གནས་བབ་གསར་བའི་འོག་ཏུ་མི་རིགས་གནད་དོན་ཐག་གཅོད་ཡང་དག་བྱེད་པ་དང་། མི་རིགས་བྱ་བ་བཟང་བོར་བསྒྲུབ་པའི་རྩ་དོན་དེ་དམ་འཛིན་བྱས་པ་ཡིན།
མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་རྒྱུ་ནི། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟེང་དུ་བསྡུ་རྒྱུ་དེ་རེད། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་རྒྱུན་འཁྱོངས་བྱས་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་ད་བཟོད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་ཏེ། མཇུག་མཐར་ལེགས་འགྲུབ་འབྱུང་ངེས། རང་རྒྱལ་ནི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་གསར་གཏོད་བྱས་པའི་གཅིག་གྱུར་གྱི་མི་རིགས་མང་བོའི་རྒྱལ་ཁབ་ཅིག་ཡིན་པས། རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་ལ་ལོ་རྒྱུས་ཀྱི་རྩ་བ་ཟབ་ཅིང་། ད་ཡོད་ཀྱི་རྨང་གཞི་ཁྱབ་ཆེན་པོ་ལྡན། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་དེ་ནི་འདས་ད་ལྟ་མ་འོངས་གང་ཡིན་ནའང་ང་ཚོས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཏེ། རྒྱལ་ཁའི་ངང་མདུན་ནས་མདུན་དུ་བསྐྱོད་པའི་ཁག་ཐེག་གཙོ་བོ་ཡིན། ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་དེ་འཐུས་ཚང་དུ་གཏོང་བ་དང་། རྒྱ་རིགས་གྲངས་ཉུང་མི་རིགས་དང་འབྲལ་མི་ཐུབ་པ་དང་། གྲངས་ཉུང་མི་རིགས་ཀྱང་རྒྱ་རིགས་དང་འབྲལ་མི་ཐུབ་ལ། གྲངས་ཉུང་མི་རིགས་སོ་སོའང་གཅིག་གིས་གཅིག་ལ་འབྲལ་མི་ཐུབ་པའི་བསམ་བློའི་ལྟ་བ་རྒྱུན་འབྱམས་སུ་བཏང་སྟེ། མི་རིགས་ཁག་གི་མི་དམངས་བར་སྐྱིད་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་གཏད་ཀྱི་གཟི་བརྗིད་སྲོལ་རྒྱུན་མི་རབས་ནས་མི་རབས་བར་དུ་སྤེལ་ནས། མི་རིགས་ཁག་གི་མི་དམངས་བཟང་ཞིང་།མི་རིགས་མཐུན་སྒྲིལ་བཟང་བའི་བརྗོད་བྱ་གཙོ་བོ་དེ་སྔར་ལས་ལྷག་པའི་སྒོ་ནས་གཟེངས་སུ་ཐོན་པར་བྱེད་དགོས།
མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་ནི། ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་སེམས་ལ་དམ་པོར་བཅངས་པ་དང་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་བ་དང་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་ལས་འགན་དང་པོ་ཡིན་པ་དམ་འཛིན་བྱས་ནས། ཐབས་བརྒྱ་ཇུས་སྟོང་སྒོས་གྲངས་ཉུང་མི་རིགས་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། གྲངས་ཉུང་མི་རིགས་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། འཕེལ་རྒྱས་ཀྱི་བར་ཐག་རིམ་བཞིན་ཇེ་ཆུང་དུ་གཏོང་བ་དང་། ས་ཁོངས་བར་སྙོམས་སྒྲིག་སྒོས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། མཇུག་མཐར་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཚང་མ་འབྱོར་ཕྱུག་གི་ལམ་དུ་ཞུགས་པ་མངོན་འགྱུར་བྱེད་དགོས། འདི་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་རྩ་བ་ཡིན་པ་དང་།རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོའི་རེ་བ་ཡིན་ལ། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣོན་པ་དང་། མེས་རྒྱལ་གྱི་མཐའ་མཚམས་སྲ་བརྟན་དུ་གཏོང་བ། མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པའི་དགོས་ངེས་རེ་བའང་ཡིན། ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་དེ་འཐུས་ཚང་དུ་གཏོང་བ་དང་། མི་རིགས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་སྣ་ཚོགས་དངོས་འབེབས་ནན་ཏན་བྱས་ནས། མི་རིགས་ས་ཁུལ་གྱི་རྣམ་པར་མྱུར་ཏུ་འགྱུར་ལྡོག་བྱུང་དུ་བཅུག་སྟེ། མི་རིགས་ཁག་གི་མང་ཚོགས་ཡོངས་ལ་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ཉམས་སུ་མྱོང་དུ་འཇུག་དགོས།
མཐུན་སྒྲིལ་དང་འཕེལ་རྒྱས་གཉིས་ཀ་དམ་འཛིན་བྱེད་པ་ནི། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས། མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བའི་བརྗོད་བྱ་དེའི་དུས་རབས་ཀྱི་རེ་བ་དང་ལག་ལེན་གྱི་རེ་བ། མང་ཚོགས་ཀྱི་རེ་བ་བཅས་ཡིན། རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། རིགས་སོ་སོའི་མི་དམངས་མཉམ་དུ་དར་རྒྱས་གོང་འཕེལ་དུ་སོང་ན་ད་གཟོད་སྟོབས་དང་ལྡན་པའི་སྒུལ་ཤུགས་འབྱུང་ངེས། རིགས་སོ་སོའི་མི་དམངས་རྣམས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་། རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ན་ད་གཟོད་རྨང་གཞི་བརྟན་པོ་ཡོད་ངེས།
མཐུན་སྒྲིལ་ནི་འགྱུར་བ་མེད་པའི་ལས་འགན་ཡིན་པ་དང་འགན་འཁྲི་དང་པོ་ཡིན། མཐུན་སྒྲིལ་དང་བརྟན་འཇགས་མེད་ན། ཡོད་ཚད་སྟོང་བཤད་ཙམ་རེད། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བཏང་ནས། མཉམ་དུ་ཡར་ཐོན་ཡོང་བ་ནི་མི་རིགས་བྱ་བའི་རྩ་བའི་ལས་འགན་ཡིན། མིག་སྔའི་མི་རིགས་བྱ་བའི་ཐོག་མའི་ལས་འགན་ནི་མི་རིགས་བར་གྱི་འབྲེལ་བར་སྙོམས་སྒྲིག་བྱེད་པ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་རྒྱུ་དེ་ཡིན། མཐུན་སྒྲིལ་བྱ་བ་ལེགས་པོར་བཟུང་ནས། མི་རིགས་འབྲེལ་བ་འཆམ་མཐུན་དང་སྤྱི་ཚོགས་བརྟན་འཇགས་ཡོང་ན། ད་བཟོད་ཏང་དང་རྒྱལ་ཁབ་གྱི་དཀྱིལ་སྙིང་བྱ་བ་སྟེ་འཕེལ་རྒྱས་ལ་ཞབས་འདེགས་བཟང་བོ་བསྒྲུབ་ཐུབ།
འཕེལ་རྒྱས་ནི་འགྱུར་བ་མེད་པའི་གནས་ལུགས་དང་འགན་འཁྲི་དང་པོ་ཡིན་ལ། དེང་རབས་ཀྲུང་གོའི་གནད་དོན་ཡོད་ཚད་ཐག་གཅོད་པའི་གནད་འགག་ཡིན། མིག་སྔའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་བལྟས་བཅོས་ཀྱི་རྗེས་ལུས་ཡིན་པ་ནི་སྔར་བཞིན་རང་རྒྱལ་མི་རིགས་གནད་དོན་གྱི་མཚོན་སྟངས་གཙོ་བོ་ཡིན་ལ། འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་གཞོགས་འདེགས། འཆམ་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་བར་ཆད་ཆེ་ཤོས་ཡིན། མི་རིགས་ས་ཁུལ་དུ་གནས་པའི་དཀའ་ངལ་དང་གནད་དོན་ཚང་མ་མཐར་གཏུག་ན་འཕེལ་རྒྱས་ལ་བརྟེན་ནས་ཐག་གཅོད་དགོས་ཤིང་། འཕེལ་རྒྱས་ནི་ད་ལྟའི་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་པའི་རྩ་བའི་བྱེད་ཐབས་ཡིན། མི་རིགས་བྱ་བས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་ཇེ་མགྱོགས་སུ་གཏོང་བ་དང་། མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བྱས་ནས། མི་རིགས་མཐུན་སྒྲིལ་ལ་དངོས་པོའི་རྨང་གཞི་བརྟན་པོ་འདིང་དགོས།
འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དེང་འདིར། རིགས་སོ་སོའི་མི་དམངས་ཚང་མས་སེམས་ཤུགས་གཅིག་ཏུ་བསྡུས་ན། ད་བཟོད་འཆམ་མཐུན་མཉམ་གནས་དང་སྐྱིད་སྡུག་མཉམ་མྱོང་། འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བ་བཅས་བྱེད་ཐུབ་པ་དང་།
ད་གཟོད་རྒྱལ་ཁབ་སྟོབས་འབྱོར་ལྡན་ཞིང་མི་རིགས་དར་རྒྱས་ཡོང་བ། མི་དམངས་བདེ་སྐྱིད་ལྡན་པ། སྤྱི་ཚོགས་འཆམ་མཐུན་ཡིན་པ་མངོན་འགྱུར་བྱུང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཕུགས་འདུན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་ཡིན།