མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྐོར་གླེང་བ།(༢)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྐོར་གླེང་བ།(༢) | ཀྲུང་གོ་བོད་ཀྱི་དྲ་བ།


« མི་དམངས་ཉིན་རེའི་ཚགས་པར  » གྱི་དཔྱད་གཏམ་པའི་རྩོམ་ཡིག་“ མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།  » ཞེས་པའི་ཁག་གཉིས་པ།  

 མི་ རིགས་གནད་དོན་ནི་འཛམ་གླིང་གི་ཞི་བདེ་དང་།   རྒྱལ་ཁབ་ཀྱི་བདེ་འཇགས།   སྤྱི་ཚོགས་ཀྱི་ཡར་ཐོན།   མི་དམངས་ཀྱི་བདེ་སྡོད་ལས་བརྩོན་བཅས་ལ་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་པར་མ་ཟད།   འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཀྱང་ཡིན།   མི་རིགས་མང་བའི་རྒྱལ་ཁབ་ཅིག་ལ་མཚོན་ནས་བཤད་ན།   མི་རིགས་ཀྱི་གནད་དོན་འོས་ཤིང་འཚམས་པའི་སྒོ་ནས་ཐག་གཅོད་བྱེད་ཐུབ་མིན་དེ།   མི་དམངས་བདེ་སྐྱིད་དང་།   རྒྱལ་ཁབ་སྟོབས་ལྡན།   མི་རིགས་དར་རྒྱས་ཡོང་བ་བཅས་དང་འབྲེལ་ནས་ཡོད།   །

 རང་ རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན།   དཀའ་སྤྱད་ཀྱིས་འཚོལ་ཞིབ་དང་ཡུན་རིང་གི་ལག་ལེན།   ཡང་དང་བསྐྱར་དུ་གཤིབ་བསྡུར་བྱེད་པའི་ཁྲོད།   ལོ་རྒྱུས་ཀྱི་འབྱུང་རྩ་དང་དངོས་བབ་ཀྱི་ཆ་རྐྱེན་ལ་བསམ་གཞིགས་གང་ལེགས་གཏོང་བའི་རྨང་གཞིའི་སྟེང་།   ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚོས་གསར་བཏོད་རང་བཞིན་ལྡན་པའི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་གདམ་གསེས་བྱས་ཏེ།   བདེ་བླག་ངང་ཀྲུང་གོའི་རྒྱལ་བབ་དང་འཚམས་ཤིང་།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཅིག་ལ་བསྐྱོད།   །

མི་ རིགས་ས་ཁོངས་རང་སྐྱོང་བྱེད་པ་ནི།   རང་རྒྱལ་གྱིས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཡིན།   དེ་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་ཆ་ནས།   མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་གྲངས་ཉུང་མི་རིགས་རྣམས་ཡར་ལངས་བདག་པོ་བྱེད་པའི་ཁེ་དབང་ལ་ཁག་ཐེག་གང་ལེགས་བྱས་ཤིང་།   མི་རིགས་ས་ཁུལ་དར་རྒྱས་གོང་འཕེལ་འབྱུང་བར་སྐུལ་སྤེལ་དང་།   སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་ལེ་ཚན་གསར་བ་འབྲི་བཞེངས་བྱས།   དེ་ཡང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་པའི་རླབས་ཆེན་གསར་བཏོད་ཅིག་ཡིན་པའི་ངོས་ནས།   མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི།   ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དེ་རང་རྒྱལ་གྱི་མི་རིགས་གནད་དོན་དངོས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་པ་ལས་ཐོན་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པས།   དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མེད་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།   །

རང་ རེའི་རྒྱལ་ཁབ་གཞི་རྩའི་སྲིད་ཇུས་ཤིག་ཡིན་པའི་ཆ་ནས།   མི་རིགས་ས་ཁོངས་རང་སྐྱོང་དེས་སྤྱི་ཚོགས་རིང་ལུགས་ཀྱི་རང་གཤིས་དང་རེ་འདུན་མངོན་པར་བྱས་པས།   དེ་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་ལེན་འཐོབ།   ལམ་ལུགས་དེས་གསར་བཏོད་རང་བཞིན་གྱི་སྒོ་ནས་མི་རིགས་རང་སྐྱོང་དང་ས་གནས་རང་སྐྱོང་བྱེད་པ་གཉིས་འགྲིག་མཐུན་སྒོས་གཅིག་གྱུར་དུ་བཏང་བས།   དེས་རང་རྒྱལ་མི་རིགས་མང་བའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་སྲོལ་རྒྱུན་ལ་བརྩི་འཇོག་བྱས་པ་རེད་ལ།   ཡང་དག་པའི་སྒོ་ནས་རྒྱལ་བབ་དངོས་ཀྱི་རེ་འདུན་དེ་ཉིད་ཀྱང་མཚོན་པར་བྱས་པ་རེད།   གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སོགས་ལ་ཡར་སྐུལ་བྱེད་པའི་དཔལ་འབྱོར་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བཏང་བ་རེད་ལ།   རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོབ་དང་།   མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ་སོགས་ཆབ་སྲིད་ཀྱི་རྒྱུ་རྐྱེན་ལའང་བསམ་གཞིགས་གང་ལེགས་བཏང་བ་རེད།   རྒྱལ་ཁབ་ཀྱི་བརྩི་འཇོག་དང་གྲངས་ཉུང་མི་རིགས་ཀྱིས་རང་ཉིད་དོ་དམ་བྱེད་པའི་མི་རིགས་རང་ནང་ཁུལ་གྱི་ལས་དོན་འགན་ལེན་བྱེད་པའི་དགོངས་པ་མངོན་པར་བྱས་པ་རེད་ལ།   མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ།   མི་རིགས་སོ་སོ་མཉམ་དུ་དར་རྒྱས་སུ་འགྲོ་བའི་རྩ་དོན་མངོན་པར་བྱས་ཤིང་།   ཀྲུང་གོའི་ཁྱད་ཆོས་གསལ་བོའང་མངོན་པར་བྱས་པ་རེད།   །

 ང་ཚོའི་ཏང་གིས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ནང་།   ཀྲུང་གོ་གུང་ཁྲན་ཏང་མིའི་མི་རབས་འགའི་བློ་གྲོས་དང་རྔུལ་ཁྲག་འཐིམས་ཡོད་པས།   དེ་ནི་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས།   གཞི་རྩའི་རྩ་འཛིན།   གཞི་རྩའི་ཉམས་མྱོང་བཅས་ཀྱི་གྲུབ་ཆའི་ཁག་གཙོ་བོ་ཞིག་ཡིན་ལ།   ཏང་དང་རྒྱལ་ཁབ་དང་མི་རིགས་བཅས་ཀྱི་བྱ་བའི་ཆེས་རྩ་ཆེའི་བསམ་པའི་རྒྱག་ཕྱེ་ལྟ་བུ་ཡིན།   ང་ཚོས་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གོང་འཕེལ་དུ་གཏོང་བའི་རྩ་བའི་འགན་ལེན་ཡིན།   མི་རིགས་ས་ཁོངས་རང་སྐྱོང་དེ་ཀྲུང་གོའི་ཡུལ་ཁོངས་ཁོ་ན་ཙམ་དུ་མ་གཏོགས་རྩ་བ་ཟུག་མེད་མོད།   འོན་ཀྱང་དེའི་དགོངས་པ་དང་རིན་ཐང་ནི་རྒྱལ་མཚམས་ལས་རིང་དུ་བརྒལ་ཡོད།   དེ་འདྲའི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་རྣམ་པ་ཅན་འཕེལ་རྒྱས་དང་གསར་བཏོད་བྱས་པ་དེས།   ཐུན་མོང་མ་ཡིན་པའི  “ ཀྲུང་གོའི་ཉམས་མྱོང  ” གྲུབ་པར་མ་ཟད།   འཛམ་གླིང་གི་རྒྱལ་ཁབ་སོ་སོས་མི་རིགས་གནད་དོན་ཐག་གཅོད་བྱེད་པར་དཔེ་གཞི་རྩ་ཆེན་ཞིག་འདོན་སྤྲོད་བྱས་ཤིང་།   འཛམ་གླིང་གི་འགྲོ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་བཞག་པ་རེད།   །

ཏང་ དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ནི་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་ལྟ་བུ་ཡིན།   དུས་རབས་ཕྱེད་ཀ་ལྷག་རིང་གི་ལག་ལེན་ལས་གསལ་བཤད་གང་ལེགས་བྱས་པ་ནི།   ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་པའི་རྩ་བའི་བགྲོད་ལམ་ཡིན་པ་དང་།   རང་རྒྱལ་གྱི་མི་རིགས་གནད་དོན་དེ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་།   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ཁོ་ནའི་ཁྲོད་ད་གཟོད་རིམ་གྱིས་ཐག་གཅོད་དགོས་པ་ཞིག་རེད།   དེར་བརྟེན།   མི་རིགས་བྱ་བའི་ཁྲོད།   ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་།   གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་དུ་བསྐྱོད་དགོས་པ་དང་།   གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་བྱེད་དགོས།   །

དེང་ སྐབས།   རང་རྒྱལ་འདི་ཉིད་བཟོ་ལས་ཅན་དང་འཕྲིན་གསར་ཅན།   གྲོང་རྡལ་ཅན་དང་ཚོང་ར་ཅན།   རྒྱལ་སྤྱིའི་ཅན་བཅས་སུ་གོང་འཕེལ་དུ་འགྲོ་བའི་དུས་རིམ་དུ་གནས་ཡོད་པས།   མི་རིགས་གནད་དོན་གྱི་ཡོངས་ཁྱབ་རང་བཞིན་དང་ཡུན་རིང་རང་བཞིན།   རྙོག་འཛིང་རང་བཞིན།   རྒྱལ་སྤྱིའི་རང་བཞིན་དང་གལ་ཆེན་རང་བཞིན་བཅས་འབུར་བཏོད་ཅིང་མངོན་གསལ་ཡིན་པ་དེས།   ང་ཚོར་ངེས་པར་དུ་གནས་ཚུལ་གསར་བར་ཞིབ་འཇུག་བྱས་ནས་གནད་དོན་གསར་བ་ཐག་གཅོད་དགོས་པའི་རེ་བ་བཏོན་ཡོད།   ང་ཚོ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་།   སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྤེལ་བ་ཇེ་མགྱོགས་སུ་གཏོང་བའི་མཐོ་ཚད་དུ་ལངས་ནས།   ཚན་རིག་འཕེལ་རྒྱས་ཀྱི་ལྟ་བའི་མཛུབ་སྟོན་ཡང་དག་པའི་འོག་ཏུ།   རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་རྟགས་དང་མི་རིགས་གནད་དོན་འཕེལ་རྒྱས་འགྱུར་ལྡོག་འབྱུང་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་གདེང་ཚོད་ཟབ་མོ་ཡོད་པར་བྱེད་དགོས་ཤིང་།   གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།   ནན་ཏན་གྱིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་ལེན་མཐིལ་ཕྱིན་བྱས་ཏེ།   རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་དེ་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་སྟེང་གོང་བུ་གཅིག་ཏུ་འགྲིལ་དགོས་ལ།   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡུན་རིང་གི་ལས་དོན་སྟེང་གོང་བུ་གཅིག་ཏུ་གྲིལ་ནས།   རྒྱུན་ཆད་མེད་པར་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་བཏོད་བྱེད་དགོས།