བདེ་ཆེན་གྱི་སྐར་མ་གཅིག་གི་འགྱུར་ལྡོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཟླ་9བའི་ཚེས་9ཉིན། སྐར་མ་གཅིག་ལ་དུས་རབས་གསར་བའི་ཡུན་ནན་ལ་བལྟ་ཞེས་པའི་ཁུལ་དང་གྲོང་ཁྱེར་གྱི་དྲིལ་བསྒྲགས་བརྙན་རིས་ལས་བདེ་ཆེན་གྱི་ལེའུ་དངོས་སུ་སྟོན་པ་རེད། འདི་ནི་ང་ཚོའི་སེམས་ཁོང་གི་སེམས་ཀྱི་ཉི་ཟླ་ཡིན།སྐར་མ་གཅིག་རེར་བདེ་ཆེན་ལ་འགྱུར་ལྡོག་གང་འདྲ་ཡོད་དམ། གཤམ་དུ་གཟིགས་རོགས།

        སྐར་མ་གཅིག་རེར་ཡུན་ནན་གྱི་སྤྲེའུ་སྤུ་སེར་པད་མ་རི་བོའི་གདོད་མའི་ནགས་ཀློང་ནས་མཆོང་ལྡིང་ཐེངས་10རེ་བྱེད་བཞིན་ཡོད།

        སྐར་མ་གཅིག་རེར་ཡུལ་སྐོར་བ་མི་46གིས་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་ལ་རོལ་བཞིན་ཡོད།

        སྐར་མ་གཅིག་རེར་བེ་ཤ་སྟོང་ཁེ་1.14རེ་རྒྱལ་ཡོངས་ལ་སྐུར་བཞིན་ཡོད།

        སྐར་མ་གཅིག་རེར་བདེ་ཆེན་ནས་ཆུ་གློག་ཆན་ཝ་ཁྲི་3.1རེ་རྒྱལ་ཡོངས་ལ་སྐྱེལ་བཞིན་ཡོད།

        སྐར་མ་གཅིག་རེར་མ་དངུལ་སྒོར་ཁྲི་གཅིག་རེ་ཕྱོགས་བསྡུས་འགྲིམ་འགྲུལ་ནང་གཏོང་བཞིན་ཡོད།

        སྐར་མ་གཅིག་རེར་མཐོ་སྒང་གི་སྐྱེས་དངོས་ཐོན་ལས་ཀྱི་སྒོར་9609རེ་བཏོད་བཞིན་ཡོད།

        སྐར་མ་གཅིག་རེར་མ་དངུལ་སྒོར་2739རེ་དབུལ་སྐྱོར་ལ་གཏོང་བཞིན་ཡོད། 

ལོ་ངོ་བདུན་བཅུའི་རིང་བདེ་ཆེན་གྱིས་འདི་ལྟར་གོམ་པ་རེ་རེ་སྤོས་ཏེ་འཕེལ་རྒྱས་ཀྱི་ལམ་བུར་བསྙེགས་པ་ཡིན།☟☟☟


     1949ལོ་ནས་1950ལོའི་བར་སྔ་རྗེས་སུ་འབའ་ལུང་རྫོང་དང་སེམས་ཀྱི་ཉི་ཟླ་རྫོང་། འཇོལ་རྫོང་བཅས་བཅིངས་འགྲོལ་ཐོབ།

     1957ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས།

     1997ལོར་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་ཞེས་པའི་མིང་བདེ་ཆེན་ལ་གནང་རྒྱུ་ཐག་གིས་བཅད།

     2007ལོར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྒོ་ཤིང་བཀལ་ཞིང་། ཀྲུང་གོའི་སྐམ་ས་ཆེན་པོའི་སྟེང་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་གྱི་ལམ་བུ་བཏོད།

        2018ལོའི་བར་དུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་GDPདེ་1952ལོའི་སྒོར་ཁྲི་663ནས་2018ལོའི་སྒོར་དུང་ཕྱུར་217.52ལ་འཕེལ་ཞིང་། ལྡབ་3281འཕར་བས་དཔལ་འབྱོར་འཕེལ་ཚད་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་10ཡི་མདུན་གྲས་ཡིན་པ་རེད། ཕན་འབྲས་ཡོད་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་ཀྱི་རིགས་64དང་རྒྱལ་ཁབ་རིམ་པའི་གནད་ཆེའི་སྲུང་སྐྱོབ་སྲོག་ཆགས་34སྲུང་སྐྱོབ་བྱས་པས། མཐུན་སྒྲིལ་དང་འཆམ་མཐུན་གྱི་མཛེས་པའི་བདེ་ཆེན་གྱིས་མི་མང་བོར་ངར་བ་བསྐྱེད་པ་རེད།