ཡུལ་སྐོར་པས་ཇོ་བོ་ནམ་མཁའ་བཀྲ་ཤིས་དགོན་ལྗོངས་ཁུལ་ནས་སྨན་རི་གངས་རིར་གཟིགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-13   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

      ཟླ9བའི་ཚེས9ཉིན་གྱི་ཞོགས་པར་གསར་འགོད་པས་བདེ་ཆེན་ཁུལ་འཇོལ་རྫོང་ཇོ་བོ་ནམ་མཁའ་བཀྲ་ཤིས་དགོན་ལྗོངས་ཁུལ་དུ་ཡུལ་སྐོར་པ་རྣམས་ཀྱིས་སྨན་རི་གངས་རིའི་རི་ཚོགས་བཅུ་གསུམ་གྱི་མཛེས་ཉམས་ལ་གཟིགས་བཞིན་པ་མཐོང་། 

       སྨན་རི་གངས་རི་ནི་དེའི་བརྗིད་ཆགས་ཡིད་འོང་ངོ་མཚར་ཆེ་བས་མཚན་སྙན་གང་སར་རྒྱས་པ་མ་ཟད། ཡུན་ནན་ཡུལ་སྐོར་གྱི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུའང་གྱུར་ཡོད། སྟོན་དུས་ནི་སྨན་རི་གངས་རིར་གཟིགས་པའི་ཆེས་ལེགས་པའི་དུས་ཚིགས་ཡིན་པས། ཁ་བ་དཀར་པོ་གངས་རི་ནི་བརྗིད་ཆགས་པར་འདུག་ཞིང་། རི་ཚོགས་རྣམས་འགྱིང་ངེར་གནས་པས་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་ཡིན་ལ། ཡུལ་སྐོར་པ་རྣམས་ཀྱིས “འཛམ་གླིང་གི་ཆེས་མཛེས་པའི་གངས་རི”ཞེས་པའི་མཚན་སྙན་གསོལ་ཡོད། 

      ཐེན་ཅིན་ནས་ཡོང་བའི་སུའུ་མེ་ཡིས“ནམ་ཡང་སྨན་རི་གངས་རི་ལ་ཡིད་སྨོན་སྐྱེས་ཤིང་། ཐེངས་དང་པོར་འཇོལ་རྫོང་དུ་ཡོང་ནས་ཁ་བ་དཀར་པོའི་བརྗིད་ཉམས་མཐོང་ཐུབ་པ་ནི་ང་ལ་མཚོན་ན་དངོས་གནས་སེམས་འགུལ་ཐེབས་པའི་དོན་ཞིག་རེད”ཅེས་བཤད།