འཇོལ་རྫོང་མང་ཚོགས་ཀྱིས་ལོ་རེའི་ཟླ་མཆོད་དུས་ཆེན་བསུ་བ།

རྩོམ་པ་པོ།   རྒྱ་མཚོ།  ཡིག་བསྒྱུར།       དུས་ཚོད།   2019-09-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཟླ་9པའི་ཚེས་13ཉིན།འཇོལ་རྫོང་གི་མི་རིགས་ཁག་གི་མང་ཚོགས་རྣམས་དགའ་སྤྲོའི་ངང་མཉམ་འཛོམས་བྱས་ཏེ་ཟླ་མཆོད་དུས་ཆེན་ལ་རོལ་བ་རེད། ཉིན་དེར།འཇོལ་རྫོང་མཁར་ཁྲོམ་གཞུང་དུ་ཟླ་སྒོར་བག་ལེབ་ཀྱི་དྲི་ཞིམ་དང་།བྱེ་མ་ཀ་རའི་ནང་སྙིང་།སྲན་མའི་ནང་སྙིང་།སྟར་ཀའི་ནང་སྙིང་སོགས་ཀྱིས་བཟོས་པའི་ཟླ་སྒོར་བག་ལེབ་ཀྱིས་མི་རྣམས་ཀྱི་མིག་དབང་འཕྲོག་ཅིང་ཉོ་མཁན་ཤིན་ཏུ་མང་། དེ་ལས་གཞན་ད་དུང་སྟར་ག་གསར་པ་དང་། སེ་འབྲུ་མཉེན་པོ། ཤིང་ཏོག་བ་དམ། ཀུ་ཤུ། རྒུན་འབྲུམ་སོགས་ཉོ་ཚོང་གཉིས་ཀར་རྣམ་པ་ཤིན་ཏུ་བཟང་བོ་ཞིག་མངོན་ཡོད།