རྒྱལ་ཐང་གི་སྟོན་མཇུག

རྩོམ་པ་པོ།   རིན་ཆེན་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2019-09-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

         སྟོན་ཟླ་9བ་ཚེས་པ་ན། བདེ་ཆེན་མཐོ་སྒང་གིས་བསིལ་རླུང་འཇམ་པོ་ཞིག་དང་མཉམ་དུ་སྟོན་ཀ་བསུས་ཡོང་ལ།  ཡུལ་ལུང་འདིས་གསེར་མདོག་གི་སྟོན་གོས་བརྗིད་པོ་དེ་བཀླུབས་པའི་འགོ་བརྩམས་པ་རེད།  འོན་ཀྱང་བདེ་ཆེན་གྱི་ད་ལོའི་སྟོན་ཀ་ནི་དེ་འདྲའི་གློ་བུར་བ་ཞིག་མ་ཡིན་པ་འདྲ་སྟེ།  ཉིན་འདི་དག་ལ་ནམ་ཟླར་མངོན་གསལ་གྱི་འགྱུར་ལྡོག་མེད་པ་མ་ཟད།  མེ་ཏོག་གི་འདབ་མས་སྔར་བཞིན་རི་ལུང་ཐང་གསུམ་བརྒྱན་ཡོད་ལ།  སྟོན་བསྡུའི་ལས་ལ་བྲེལ་བའི་ཞིང་བར་ན་མ་གཏོགས་སྟོན་ཀ་སླེབས་ཡོད་པའི་སྣང་བ་དེ་འདྲ་མེད་པ་རེད།  དེས་ན་སྐུ་ཉིད་ཀྱིས་ཡིད་དུ་འོང་བའི་རྒྱལ་ཐང་གི་སྟོན་མཇུག་ལས་ཐོན་པའི་པར་རིས་འདི་དག་ལ་རོལ་མྱོང་ཐེངས་ཤིག་བྱེད་པར་འཚལ།