རྒྱལ་ཐང་བའི་དང་ཆང་བཙུགས་སྲོལ།

རྩོམ་པ་པོ།   ཚེ་རིང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2019-09-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      དང་ཆང་བཙུགས་བ་ནི་རྒྱལ་ཐང་བའི་གཉེན་སྒྲིག་པའི་སྟོན་མོ་མེད་དུ་མི་རུང་བ་ཞིག་ཡིན་ལ།  གཉེན་ཆང་སྟེར་ཞེས་ཟེར་སྲོལ་ཡང་ཡོད། གཉེན་སྒྲིག་པའི་གོ་རིམ་དང་པོ་ཡིན་པས་དང་ཆང་ཞེས་འབོད་པ་རེད། དང་ཆང་བཙུགས་དགོས་དོན་གཅིག་ནི་བག་མ་ལེན་པའི་དུད་དེས་བག་མའམ་སྦྱིན་པའི་དུད་དེ་ལ་མནའ་མའམ་མག་པ་སྦྱིན་པར་བཀའ་དྲིན་ཆེ་ཞུ་བ་དང་།  གཉིས་ནི་བག་མ་སྦྱིན་པའི་དུད་དེའི་བུ་དང་བུ་མོ་ལ་བདག་པོ་བྱེད་པར་དུད་གཞན་གྱིས་མི་སློང་བའི་ཆེད་དུ་ཡིན།

       དང་ཆང་བཙུགས་དུས་དུད་ཚང་གཉིས་ཀྱིས་བཀྲ་ཤིས་པའི་ཉིན་ཞིག་བདམས་ནས། བག་མ་ལེན་པའི་དུད་དེས་རང་ཁྱིམ་གྱི་བུ་དང་བུ་མོའི་ཨ་ཁུ་གཅིག་དང་ཞང་གཅིག   དེ་ནས་གཉེན་བར་གསུམ་མངགས་པ་དང་། ཆང་དམ་བི་གང་དང་ཁ་བཏགས་གཅིག དེ་མིན་ཤིང་ཏོག་སོགས་ཁྱེར་ནས་བག་མ་སྦྱིན་པའི་དུད་དེའི་ཁྱིམ་དུ་སླེབས། སྔར་ཡིན་ན་བག་མ་སྦྱིན་པའི་དུད་དེས་རང་ཁྱིམ་གྱི་མང་མི་དག་གིས་དང་ཆང་དེ་ལེན་པ་དང་། ད་ལྟ་ཡིན་ན་དུད་ཚང་དེས་ཉེ་བ་ཆེན་པོ་འགའ་འབོད་ནས་དང་ཆང་ལེན་པ་རེད། དེ་ནས་གཉེན་བར་གྱིས་བག་མ་སྦྱིན་པའི་དུད་ཚང་གི་བདག་པོ་ལ་ཕྱག་འཚལ་ནས་བཀའ་དྲིན་ཆེ་ཞུ་བ་དགོས་པ་དང་།  རྗེས་མའི་གཉེན་སྒྲིག་པའི་སྟོན་མོ་དག་དུས་ནམ་ཞིག་ལ་སྤེལ་བའི་རེ་བ་ཞུ་དགོས་པ་རེད། 

      བོད་མི་རིགས་ནི་རྟེན་འབྲེལ་བརྩིས་བའི་མི་རིགས་ཞིག་ཡིན་པས།  དང་ཆང་སྟེར་ཡོང་བའི་མི་དག་བག་མ་སྦྱིན་པའི་དུད་ཚང་ནས་བྲལ་དུས།  ཆང་བླུགས་པའི་དམ་བིའི་ནང་ཆུ་གཙང་གང་བླུགས་དགོས་པ་དང་། དེ་ནས་སྒོག་པ་ཞིག་བཅུག་དགོས།  དེ་ནི་སྒོག་པ་ནང་བཞིན་དམ་པོ་སྒྲིག་ནས་མཐུན་པའི་རྟེན་འབྲེལ་ཡིན།