རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-17   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ཟླ9བའི་ཚེས16ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་གེ་སར་གྲོང་དང་གྲོང་ཚོ་བརྒྱའི་ཐོན་ལས་རྟེན་གཞི་སྒོ་ཕྱེས་པའི་མཛད་སྒོ་སྤེལ་བ་དང་། གྲོང་ནང་དུ་གེ་སར་སྒྲུང་ལས་བྱུང་བའི་བརྗོད་གཞི་བརྟེན་ནས་བསྐྲུན་པའི་ཡུལ་ལྗོངས་སོགས་ཉམས་ལེན་བྱེད་ས1000ལྷག་ཡོད་དེ། ཡུལ་སྐོར་བས《གླིང་སྒྲུང》བཤད་པར་ཉན་པ་དང་། 《གླིང་སྒྲུང》གི་ཟློས་གར་སོགས་ལ་བལྟས་ཆོག་པ་རེད། གེ་སར་རྒྱལ་པོའི་གྲོང་ནི་ས་གནས་དེ་གའི་གྲོང་ཚོ་དབུལ་བོ128ཀྱིས་ཚོགས་པ་བཙུགས་ནས་འཕེལ་རྒྱས་གཏོང་བ་དང་ཐུན་མོང་གིས་བསྐྲུན་པའི་གེ་སར་རིག་གནས་བརྗོད་དོན་གཙོ་བོར་བཟུང་བའི་དབུལ་ཐར་ཕྱུག་སྐྱོད་ཀྱི་ལས་གཞི་ཞིག་རེད། །
གླིང་གེ་སར་རྒྱལ་པོའི་སེང་འབྲུག་སྟག་རྩེ་ཕོ་བྲང་གི་རྣམ་པ།
གེ་སར་རྒྱལ་པོའི་འཇིམ་སྐུ་ཡོལ་ཁེབས་ཕྱེས་བའི་མཛད་སྒོ།
འཁྲབ་སྟོན་པས་མང་ཚོགས་ཀྱི་ཡིད་དབང་འཕྲོག་པ།
གེ་སར་གྲོང་གིས་སྒོ་ཕྱེས་བའི་མཛད་སྒོ་སྤེལ་བ།