རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-19   རྩོམ་ཁུངས།    ཁམས་པའི་དྲ་བ།
ཟླ9ཚེས10ཉིན། མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། རྩོམ་པ་པོ་ཨ་ལེའི་བརྩམས་ཆོས་གསར་པ《རི་འཛེག་པ》དངོས་སུ་སྔོན་འཚོང་བྱེད་འགོ་ཚུགས་ལ། ཅིང་ཏུང་དང་། ཏང་ཏང་། པོ་ཁུའུ། ཐེན་མའོ་སོགས་སྟེགས་བུ་ཆེ་གྲས་ཁག་ཏུ་འཚོང་པ་རེད། དེབ་དེ་ནི་ཨ་ལེའི་དཔའ་བོ་རིང་ལུགས་ཀྱི་བརྩམས་ཆོས་ཐོག་མ་དེ་ཡིན་ཞིང་། ཀྲུང་གོའི་རི་འཛེགས་པ་ཇོ་མོ་གླང་མའི་རི་རྩེར་འཛེགས་པའི་གཏམ་རྒྱུད་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་ཡོད།
《རི་འཛེག་པ》ནི་ཨ་ལེས་གསར་རྩོམ་བྱས་པའི་འཁྲབ་གཞུང་ཞིག་ཡིན་ཞིང་། དེས1960ལོར་ཀྲུང་གོའི་རི་འཛེག་རུ་ཁག་གི་ཁོངས་མི་ཝང་ཕུའུ་ཀྲོའུ་དང་། མགོན་པོ། ཆུས་དབྱིང་ཧྭ་བཅས་མི་གསུམ་གྱིས་ཀྲུང་གོ་བས་ཇོ་རིའི་རི་རྩེར་ཐོག་མར་འཛེགས་པའི་གཏམ་རྒྱུད་བརྗོད་ཡོད། དེའི་མིང་མཚུངས་གློག་བརྙན་ཟླ9ཚེས30ཉིན་ཏེ་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་སུ་སྟོན་རྒྱུ་ཡིན་པ་དང་། འཁྲབ་ཁྲིད་པ་ཆེ་གྲས་གཉིས་ཏེ་ཞུས་ཁེ་དང་ལི་རེན་ཀང་གིས་ལོ23སོང་རྗེས་སླར་ཡང་མཉམ་ལས་བྱས་པ་རེད། ཝུའུ་ཅིང་དང་། ཀྲང་ཙེ་དབྱི། ཀྲང་དབྱི། ཅིང་པོ་རན། ཧུའུ་ཀེ་སོགས་ཀྱིས་སྣེ་ཁྲིད་འཁྲབ་སྟོན་གཙོ་བོ་བྱས་པ་དང་ཁྲེང་ལུང་ཡང་འཁྲབ་སྟོན་བྱེད་རོགས་ལ་ཞུགས་ཡོད།
ལོ་ཁ་ཤས་གོང་། ཨ་ལེས1960ལོར་ཇོ་མོ་གླང་མའི་སྐས་ཐེམ་གཉིས་པར་འཛེག་མྱོང་བའི་རི་འཛེག་དཔའ་བོ4(དེའི་ནང“མི་སྐས་འཛུགས་པའི”བྱ་ཐབས་སྤྱད་དེ་བསྟུད་མར་རུ་མི3རི་མགོར་བསྐྱལ་ནས་རང་ཉིད་རི་རྩེར་འཛེགས་མ་ཐུབ་པའི་ལིའུ་ལེན་མན་ཚུད་ཡོད)ལ་བཅར་འདྲི་བྱས་མྱོང་མོད། འོན་ཀྱང་ཁོང་གིས་རྩོམ་འབྲི་བའི་ཐོག་མའི་དཔྱད་གཞི་དེ་ཙམ་གྱིས་མ་འདང་བར། ཐད་ཀར་ལྷ་སར་བསྐྱོད་དེ་ས་གནས་དེ་གའི་རི་འཛེག་སློབ་གྲྭ་བརྒྱུད1975ལོའི་རྗེས་སུ་ཇོ་རིར་ཐེངས་མང་འཛེགས་མྱོང་བ་དང་། འཛམ་གླིང་གི་སྨི7000ཡན་གྱི་རི་བོ་མཐོ་ཤོས་ཚང་མར་འཛེག་མྱོང་བའི་བོད་ལྗོངས་རི་འཛེག་རུ་ཁག་གི་རུ་མི་རིམ་བྱུང་དང་འབྲེལ་གཏུག་བྱས་པ་རེད། ཨ་ལེས“ང་རང་ལ་མཚོན་ན་རི་རྩེར་འཛེག་ཐུབ་མཁན་ཚོ་ལས་ད་དུང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རི་རྩེར་འཛེགས་ཐུབ་མེད་མཁན་དེ་དག་ལ་ལྷག་ཏུ་རྒྱུས་ལེན་བྱེད་འདོད་སྐྱེས། ཁོང་ཚོའི་ཚེ་སྲོག་དང་ལུས་པོ་ལ་དཀའ་ཉེན་མང་པོ་ཐུག་ཡོད་ཅིང་། བརྩེ་དུང་དང་བསམ་བློ་ལ་དེ་བས་ཀྱང་དཀའ་ཁག་མང་པོ་འཕྲད་ཡོད་པ་སྨྲས་མ་དགོས་པ་རེད”ཅེས་བཤད། ཨ་ལེས་བལྟས་ན། རི་རྩེར་འཛེག་པ་ནི་རང་ཉིད་ཀྱི་ལུས་པོར་བརྟེན་ནས་རང་བྱུང་ཁམས་ཀྱི་རླབས་ཆེན་ཉམས་སུ་མྱོང་བ་ཞིག་ཡིན་ཞིང་། རང་ཉིད་ཀྱི་བློ་སྟོབས་འཕེལ་བར་བྱེད་པའི་བྱ་ཐབས་ཤིག་ཡིན། ཨ་ལེས“ངས་《རི་འཛེག་པ》བྲིས་པ་ནི་སྙིང་སྟོབས་ཤིག་བྲིས་པ་ཡིན་ཞིང་། ཀྲུང་གོ་བ་ཇོ་རིར་ངེས་པར་དུ་འཛེག་དགོས་པའི་རྒྱུ་མཚན་ངོ་མ་དེ་བྲིས་པ་ཡིན”ཞེས་བཤད།