རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་1998ལོའི་ཟླ་1ཚེས་4ཉིན་སྐྲུན་འགོ་ཚུགས་པ་དང་1999ལོའི་ཟླ་4ཚེས་30ཉིན་བསྐྲུན་ཟིན་པ་རེད། མིག་སྔར་གནམ་ཐང་གི་འཕུར་སྐྱོད་ཁུལ་གྱི་རིམ་པ་4Dཡིན་པ་དང་ཐང་གི་རིང་ཚད་ལ་སྨི་3600ཡོད་པ་རེད། གནམ་གྲུ་ཕྱོགས་གཉིས་འབབ་ཆོག་ལ། གནམ་གྲུ་B757-200ཡི་ཆེ་ཆུང་ཅན་དང་དེ་ལས་ཆེ་བའི་གནམ་གྲུའི་རིགས་བབས་ཐུབ་ཅིང་། གནམ་གྲུ་གཏོང་འགོ་ཚུགས་པ་ནས་བཟུང་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་འགྲུལ་པ་མི་ཐེངས་ཁྲི་600ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་། གནམ་གྲུ་ཐེངས་ཁྲི་7ཙམ་འབབ་རྒྱུ་འགན་ལེན་བྱས་ལ། དངོས་ཟོག་ཏུན་12000ཙམ་སྐྱེལ་འདྲེན་བྱས་པས། ད་ལྟ་ཡུན་ནན་འཕེལ་རྒྱས་ཅུང་མགྱོགས་པའི་གནམ་ཐང་གི་གྲས་ཤིག་ཏུ་གྱུར་ཡོད།
བདེ་འཇགས་ཀྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་QESདང་། SMSSSསོགས་དོ་དམ་མ་ལག་གི་དཔང་བདེ(རྩིས་བཤེར)བརྒྱུད་བདེ་བླག་ངང་བྱས་པ་མ་ཟད། མ་ལག་འཁོར་སྐྱོད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་བདེ་འཇགས་དོ་དམ་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་རེད། གནམ་གྲུ་ཐང་གིས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་ནས་ཁུན་མིང་དང་། ཁྲེང་ཏུའུ། ལྷ་ས། ཀོང་ཀྲོའུ། ཧྲེན་ཀྲེན། ཨན་ཧུའེ། ཧྲང་ཧའེ། ཞི་ཧྲོང་པན་ན། ཁྲུང་ཆིང་། པེ་ཅིན། ཧང་ཀྲོའུ། ཁྲང་ཧྲ། མང་གྲོང་ཁྱེར། ཤིས་ཨན་སོགས་མཁའ་ལམ་མང་པོ་ཤར་གཏོང་བྱས། ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཡན་ལག་ཀུང་སི(དེ་སྔའི་ཡུན་ནན་མཁའ་འགྲུལ་ཀུང་སི)དང་། ཀྲུང་གོ་མཁའ་འགྲུལ་ལྷོ་ནུབ་ཡན་ལག་ཀུང་སི། ལྷོ་ཕྱོགས་མཁའ་འགྲུལ་ཀུང་སི། ཧྲེན་ཀྲེན་མཁའ་འགྲུལ་ཀུང་སི། ཧྲང་ཧའེ་མཁའ་འགྲུལ་ཀུང་སི། སི་ཁྲོན་མཁའ་འགྲུལ་ཀུང་སི། ཁྲུང་ཆིང་མཁའ་འགྲུལ་ཀུང་སི། ཤང་ཕུང་མཁའ་འགྲུལ་ཀུང་སི། ཁུན་མིང་མཁའ་འགྲུལ་ཀུང་སི། བོད་ལྗོངས་མཁའ་འགྲུལ་ཀུང་སི་སོགས་རྒྱལ་ནང་གི་མཁའ་འགྲུལ་སྐྱེལ་འདྲེན་ཁེ་ལས་མང་པོ་ནང་འདྲེན་བྱས་ནས་རྒྱལ་ནང་གི་གྲོང་ཁྱེར་གལ་ཆེན་ཁག་གཅིག་དང་འབྲེལ་བའི་མཁའ་ལམ་དྲ་བ་བཙུགས་ཡོད།
2018ལོར་ཏང་ཀྲུང་དབྱང་གི་གནད་སྨིན་དབུལ་སྐྱོར་གྱི་འཐབ་ཇུས་བསམ་བློའི་ཁྲིད་སྟོན་འོག་གནམ་ཐང་གིས་མཁའ་འགྲུལ་ཐོན་ལས་དབུལ་སྐྱོར་ལག་བསྟར་བྱ་རྒྱུ་སྟེ། མཁའ་ལམ་གྱི་གནད་སྨིན་དབུལ་སྐྱོར་གྱི་བསམ་བཀོད་ཐོག་མར་བཏོན་པ་རེད། 2018ལོའི་ཟླ་10ཚེས་9ཉིན་ཤར་མཁའ་འགྲུལ་ཀུང་སིས་བདེ་ཆེན་ཀྲོའུ་ཨུད་དང་ཀྲོའུ་མི་དམངས་སྲིད་གཞུང་དང་མཉམ་དུ་བདེ་ཆེན་ཀྲོའུ་མཁའ་འགྲུལ་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་དབུལ་སྐྱོར་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། བདེ་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་སྐུལ་འདེད་བཏང་བ། བདེ་ཆེན་ཀྲོའུ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་མངོན་འགྱུར་བྱེད་པའི་བརྗིད་ཆེའི་དམིགས་ཚད་ལ་སྐུལ་འདེད་བཏང་བ་བཅས་རེད།