རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཨ་དཀར་ནི་འཇོལ་རྫོང་ཡུན་ལིང་ཤང་ཧུང་ཕོ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཚོགས་ཆུང་གཉིས་པའི་གྲོང་མི་ཡིན་ལ། ཆུང་དུས་ནས་ཁྱིམ་ཚང་གི་ཤུགས་རྐྱེན་ཐེབས་ཤིང་། ཕ་མ་དང་མཉམ་དུ་ཁྱིམ་རྒྱུད་ཀྱི་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་རུས་རྨས་གསོ་ཐབས་སྦྱངས་ཡོད། སློབ་ཆུང་ནས་བཟུང་མོས་སློབ་གྲྭར་རྨས་སྐྱོན་ཕོག་པའི་དགེ་སློབ་ཚོར་ཕྱི་རྨས་རང་བཞིན་གྱི་ཤ་གནད་ལ་རྨས་ཕོག་པ། མཉེན་པའི་ཕུང་གྲུབ་ལ་རྨས་སྐྱོན་ཕོག་པ་སོགས་སྨན་བཅོས་བྱས་པ་རེད། 1994ལོའི་ཟླ་9པ་ནས་1997ལོའི་ཟླ་5པའི་བར་མོས་བདེ་ཆེན་ཁུལ་འཕྲོད་བསྟེན་སློབ་གྲྭར་སློབ་སྦྱོང་གནང་།
1998ལོར་ཨ་དཀར་སློབ་གྲྭ་ནས་མཐར་ཕྱིན་རྗེས་འཇོལ་རྫོང་མི་དམངས་སྨན་ཁང་བོད་ལུགས་གསོ་རིག་ཚན་ཁག་ཏུ་ལས་ཀ་བྱས་པ་དང་། སྨན་ཁང་དུ་འགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག་དཀའ་ངལ་ཁྱད་བསད་ཀྱིས་ལོ་རྒྱུས་ཐོག་གི་འཇོལ་རྫོང་གི་བོད་ལུགས་གསོ་རིག་གི་རུས་རྨས་ཚན་ཁག་དང་པོ་བཙུགས་ཏེ་ལོ་ལྟར་ནད་པ་མི་ཐེངས་ཁྲི་ཙམ་ལ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། 2010ལོར་བདེ་ཆེན་ཁུལ་བོད་སྨན་ཁང་གི་སྨན་བཅོས་ཚན་ཁག་ཏུ་ལས་གནས་སྤོས། རུས་རྨས་གསོ་ཐབས་རྨང་གཞི་བརྟན་འོག་ལོ་གཅིག་གི་དུས་ཚོད་ནང་མོས་ཕྱོགས་ཡོངས་ནས་བདེ་ཆེན་གྱི་བོད་ལུགས་གསོ་རིག་གི་རུས་རྨས་གསོ་ཐབས་དང་། ཕྱི་སྨན་བྱུག་པ། ཤིང་དཀྲིས་རྒྱག་པ་སོགས་ཀྱི་ཐོག་ནས་སྲོལ་རྒྱུན་གྱི་བོད་སྨན་སང་ཆུང་རིལ་བུ་སོགས་བདེ་ཆེན་གྱི་བོད་སྨན་ནད་ཐོག་ཉེར་སྤྱོད་དང་སྨན་བཅོས་ཀྱི་རྩལ་ནུས་ལ་གཞོགས་འདེགས་བྱས་པ་རེད།
ཨ་དཀར་གྱིས་མུ་མཐུད་སློབ་སྦྱོང་བྱེད་རྒྱུར་འབད།2011ལོ་ནས་2014ལོའི་བར་མོས་ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་གླིང་དུ་བོད་ལུགས་གསོ་རིག་གི་དངོས་གཞི་འཛིན་གྲྭར་སློབ་སྦྱོང་བྱས་ལ། 2013ལོའི་ཟླ་4པའི་ཟླ་མཇུག་ཏུ《ཨ་དཀར་བོད་ལུགས་གསོ་རིག》གཉེར་བ་དང་2015ལོ་ནས་བཟུང་འཕྱོ་ཁབ་སློབ་སྦྱོང་བྱེད་འགོ་ཚུགས་པ་དང་སྒོ་བསྟེན་སྨན་ཁང་བཙུགས་ཤིང་། ལོ་འདི་དག་གི་རིང་ལ་སློབ་མ་དང་གྲོང་གསེབ་ཀྱི་ཁྱིམ་ཚང་དབུལ་བོའི་ནད་པ་སོགས་ལ་རིན་མེད་ཀྱིས་སྨན་སྟེར་བ་ཡིན་ལ། འགྲོ་འདུག་མི་བདེ་བའི་རྒན་རྒོན་ཚོའི་ཁྱིམ་དུ་སོང་ནས་སྨན་སྟེར་བ་རེད།
ཨ་དཀར་སྨན་ཁང་དུ་ནད་པས་སྐྱེལ་ཡོང་བའི་དར་ཆས་བཀང་ཡོད། བདེ་ཆེན་ཡུལ་དུ་ཨ་དཀར་གླེང་ན།ཚང་མས་མོ་ལ་སྨན་པ་བཟང་པོ་ཟེར། 2014ལོའི་ཟླ་3པར་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ཡུན་ནན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཞིང་ཆེན་རིམ་པའི་རྣམ་གྲངས་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་བཏགས་པས། མོ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི“བདེ་ཆེན་བོད་ལུགས་གསོ་རིག(རུས་རྨས་གསོ་ཐབས)”ཀྱི་རྒྱུན་འཛིན་པ་ཡིན་པ་རེད།
ཨ་དཀར་ཀྱིས་ཕྱོགས་ཡོངས་ནས་སྨན་བཅོས་རྩལ་ནུས་མཐོ་རུ་བཏང་བ་དང་ཆབས་ཅིག་རྒྱུན་ཆད་མེད་པར་སློབ་སྦྱོང་དང་ལག་ལེན་བྱས་པ་བརྒྱུད། ཁྱིམ་རྒྱུད་ཀྱི་སྲོལ་རྒྱུན་རུས་རྨས་གསོ་ཐབས་དང་དེང་གི་སྨན་བཅོས་ལག་རྩལ་ཟུང་འབྲེལ་བྱས་ནས་རྐེད་ཚིགས་མཁར་མཚམས་འབུར་ཐོན་ནད་དང་།རྐེད་ཚིགས(མཇིང་ཚིགས)རུས་འཛེར་སྐྱེས་པ། རུས་ཚིགས་ཤོར་བ། གཅིན་ཟགས་སོགས་ཀྱི་ནད་པར་གསོ་བཅོས་བྱས་པ་བརྒྱུད་ནས་དྲག་སྐྱེད་བྱུང་བས། གཤགས་བཅོས་བྱས་རྗེས་ཁྱེར་ཡོང་བའི་རྨས་སྐྱོན་དང་མཇུག་རྐྱེན་གྱི་ནད་སྔོན་འགོག་ བྱས་པ་རེད།
སྨན་པ་ཨ་དཀར་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་མཐོང་ཆེན་ཆེན་པོ་བྱེད་ཀྱི་ཡོད། བོད་ལུགས་གསོ་རིག་གི་རུས་རྨས་གསོ་ཐབས་ལག་རྩལ་ལའང་ཡིད་ཆེས་ཆེན་མོ་ཡོད་ཟེར། མོས་རྗེས་རབས་པ་རྣམས་ཀྱིས་བོད་ལུགས་གསོ་རིག་གི་རུས་རྨས་གསོ་ཐབས་དང་དེང་རབས་གསོ་རིག་དེ་བས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་ནད་པར་ཞབས་འདེགས་ལེགས་པོ་ཞུ་དགོས་པའི་རེ་བ་བཅངས་པ་རེད།