ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་པེ་ཅིང་དུ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-25   རྩོམ་ཁུངས།    མི་དམངས་དྲ་བ།

༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་<br/>འགྲེམས་སྟོན་ཆེ་གྲས་པེ་ཅིང་དུ་འགོ་ཚུགས་པ།--མི་དམངས་དྲ་བ།--人民网

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་9ཚེས་23ཉིན“རླབས་ཆེའི་ལོ་རྒྱུས་ལམ་བུ། འོད་སྟོང་འབར་བའི་གྲུབ་འབྲས——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་ཆེ་གྲས”ཀྱི་འགོ་ཚུགས་མཛད་སྒོ་པེ་ཅིང་འགྲེམས་སྟོན་ཁང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། 
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་མ་ཟད། གྲུབ་འབྲས་འགྲེམས་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
    ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས། འགྲེམས་སྟོན་དེ་ལས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་རླབས་ཆེའི་ལག་ལེན་དང་། འོད་སྟོང་འབར་བའི་གྲུབ་འབྲས། རྩ་ཆེའི་ཉམས་མྱོང་བཅས་ཕྱོགས་ཡོངས་ནས་མཚོན་པར་བྱས་པ་དང་། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན། བློ་མཐུན་ཧུའུ་ཅིན་ཐའོ་བཅས་ཀྱིས་གཙོས་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ལོ་རྒྱུས་གསར་གཏོད་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་ནས་འབད་འཐབ་ལྷུར་ལེན་བྱས་ནས་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་རེ་རེ་ཕྱོགས་ཡོངས་ནས་མངོན་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་བས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། འགྲེམས་སྟོན་དེས་ལོ་ངོ་70ཡི་རིང་ཀྲུང་ཧྭའི་ས་གཞི་ཆེ་མོར་བྱུང་བའི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་དང་། རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་མངོན་པ། དཔལ་འབྱོར་གྱི་སྟོན་གྲངས་གཙོ་བོས་འཛམ་གླིང་དུ་བཟུང་བའི་བསྡུར་ཚད་ཧ་ཅང་མཐོ་རུ་སོང་བ། མི་དམངས་ཀྱི་འཚོ་བ་ལེགས་སུ་ཤུགས་ཆེན་སོང་ནས་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་མཐོ་རུ་དང་ཆེ་རུ་སོང་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ཆེད་འབུལ་འོས་པའི་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་བཅས་གསོན་ཉམས་དོད་པོས་བཀོད་ཡོད་ཅེས་གསུངས་པ་རེད།
     གྲུབ་འབྲས་འགྲེམས་སྟོན་དེ་འགོ་འཛུགས་ཚོམས་ཆེན་དང་། ཤར་ཕྱོགས་སུ་འགྱིང་ངེར་གནས་པ། སྒྱུར་བཅོས་སྒོ་དབྱེ། བསྐྱར་དར་ཕྱོགས་སུ་སྐྱོད་པ། མི་ཡུལ་གྱི་བདེན་ལམ་བཅས་ཁག་5རུ་ཕྱེ་ཡོད་པ་རེད།