ཟླ་འོད་ཐང་ཆེན་ནས་བདེ་ཆེན་ཁུལ་གྱི་སྲོལ་རྒྱུན་སྐོར་བྲོ་འགྲེམས་འཁྲབ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-03   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས2ཉིན་གྱི་ཕྱི་དྲོར། བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། བདེ་ཆེན་ཁུལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི“འཛམ་གླིང་གི་ཤམ་བྷ་ལའི་རིག་གནས་ཡུལ་སྐོར་གཟའ་འཁོར་གྱི་རིམ་སྤེལ་རིག་གནས་བྱེད་སྒོའི”མངོན་མིན་རིག་གནས་ཤུལ་བཞག་གི་སྐོར་བྲོ་འགྲེམས་འཁྲབ་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྤེལ་བ་རེད།  ཐེངས་འདིའི་འགྲེམས་འཁྲབ་བྱེད་སྒོའི་ནང་ཁུལ་ཡོངས་ཀྱི་ཤང་གྲོང་ཁག་ནས་བདམས་པའི་དམངས་ཁྲོད་སྐོར་བྲོ་རུ་ཁག་བཅུ་ཡིས་སོ་སོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱལ་ཐང་སྐོར་བྲོ་དང་། མྱི་ཟུར་སྐོར་བྲོ།ཡང་ཐང་སྐོར་བྲོ། སྐེད་ཚགས་སྐོར་བྲོ། འབའ་ལུང་རྫོང་མཐའ་ཆུའི་གྲོང་རྡལ་གྱི་ཁྲང་ཏུའུ་སྐོར་བྲོ། པའོ་ཧོ་གྲོང་རྡལ་འཇང་རིགས་ཀྱི་སྐོར་བྲོ། འཇོལ་རྫོང་ཀོང་རྩེད་རའི་སྐོར་བྲོ། གཡག་རྭ་སྐོར་བྲོ། ཐང་སྟེང་ཏ་ཚུན་གྱི་ལི་སུའུ་རིགས་ཀྱི་སྐོར་བྲོ་སོགས་ཉམས་འགྱུར་མི་འདྲ་བ་དང་མི་རིགས་མང་པོས་རྒྱུན་འཛིན་བྱེད་པའི་སྲོལ་རྒྱུན་གྱི་སྐོར་བྲོ་འཁྲབ་སྟོན་བྱས་པ་རེད། 

ཀོང་རྩེད་ར་སྐོར་བྲོའི་རུ་ཁག

འབའ་སྡེ་སྐོར་བྲོའི་རུ་ཁག

སྐེད་ཚག་སྐོར་བྲོའི་རུ་ཁག

རྒྱལ་ཐང་སྐོར་བྲོའི་རུ་ཁག

མྱི་ཟུར་སྐོར་བྲོའི་རུ་ཁག

མཐའ་ཆུ་སྐོར་བྲོའི་རུ་ཁག

ཐང་སྟེང་སྐོར་བྲོའི་རུ་ཁག

འཇང་རིགས་ཀྱི་སྐོར་བྲོའི་རུ་ཁག

ཡང་ཐང་སྐོར་བྲོའི་རུ་ཁག

གཡག་རྭ་སྐོར་བྲོའི་རུ་ཁག

    བྱེད་སྒོའི་ནང་བདེ་ཆེན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པ་དང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་དང་བདེ་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པས་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཐོབ་ཡོད་པ་རེད།

    བྱེད་སྒོའི་དམིགས་ཡུལ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་བརྒྱུད་ཕྱོགས་གཅིག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་མང་ཚོགས་ཀྱི་རིག་གནས་དང་རོལ་རྩེད་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་རེད། ཕྱོགས་གཞན་ཞིག་ནས་བྱེད་སྒོ་སྤེལ་བ་བརྒྱུད་ཁུལ་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་གལ་ཆེའི་རང་བཞིན་དང་།དུས་མཚུངས་སུ།བདེ་ཆེན་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་གང་ལེགས་མངོན་པ་དང་། རིག་གནས་ལ་བརྟེན་ནས་བདེ་ཆེན་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ནས། བདེ་ཆེན་ཁུལ་གྱི་རིག་གནས་ནང་དོན་ཟབ་ཏུ་གཏོང་བ་དང་བདེ་ཆེན་ས་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་ནས། ཡུལ་སྐོར་བས་བདེ་ཆེན་གྱི་མི་རིགས་མང་བ་དང་སྣ་མང་རིག་གནས་ཞི་མཐུན་མཉམ་གནས་ཀྱི་ཁྱད་ཆོས་ཚོར་བ། སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།