རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་བཞིན་པའི་རྡོ་མཁར་རྫོང་།

རྩོམ་པ་པོ།   བློ་བཟང་གཡང་འཛོམས།  ཡིག་བསྒྱུར།       དུས་ཚོད།   2019-10-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཚོན་མདངས་རྣམ་པར་བཀྲ་བའི་དུས་རབས་སུ།རྡོ་མཁར་རྫོང་གིས་གསར་གཏོད་རང་བཞིན་གྱི་འཛད་སྤྱོད་དཔེ་དབྱིབས་ལ་བརྟེན་ནས་བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དར་འཕེལ་གྱི་ལམ་བུ་འཚོལ་བསྡུ་བྱས་ཏེ་རིག་གནས་ཀྱི་རྒྱུ་ཆ་རྡོ་མཁར་རྫོང་གི་གང་སར་ཆགས་ཡོད།

        2014ལོའི་ཟླ་1པོའི་ཚེས་11ཉིན། རྡོ་མཁར་རྫོང་ལ་མེ་སྐྱོན་ཆེན་པོ་ཞིག་བྱུང་བ་དང་། ལོ་མང་པོར་སྲུང་སྐྱོང་དང་བསྐྱར་སྐྲུན་བྱེད་པར་བརྒྱུད་ནས། རྡོ་མཁར་རྫོང་ལ་རིམ་བཞིན་ཇ་རྟ་གནའ་ལམ་གྱི་ཁྱད་ཆོས་སྣ་མང་མངོན་ཡོད།

        རྡོ་མཁར་རྫོང་གི་འཁོར་བཞག་ཐང་གི་སྒོ་ཁར། རྒྱལ་ཡོངས་བོད་ཁུལ་དུ་འཐུས་ཚབ་རང་བཞིན་ལྡན་པའི་གྲོང་ཁྱེར་གྱི་ཡུལ་སྐོར་ཕྱོགས་བསྡོམས་ཁུལ་དང་ཁྱད་ལྡན་གྲོང་ཆུང་སྟེ་རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་ར་ནི་2018ལོའི་ཟླ་9པར་སྒོ་ཕྱེས་པ་དང་། ད་ལྟར་སེམས་ཀྱི་ཉི་ཟླའི་འགྲེམ་སྟོན་སྒེའུ་ཁུང་དང་མྱོང་ཚོར་ལྟེ་གནས་སུ་གྱུར་ཡོད་དེ། ཡུལ་སྐོར་བ་རྣམས་ཀྱིས་སེམས་ཀྱི་ཉི་ཟླའི་རིག་གནས་ཇི་མ་ཇི་བཞིན་མྱོང་ཚོར་བྱེད་ས་ཞིག་ཏུ་གྱུར་ཡོད།

        རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ། ཟླ་འོད་ཁྲོམ་ལམ་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། རྣམ་གྲངས་དེ་ནི་སེམས་ཀྱི་ཉི་ཟླའི་བཟའ་དང་སྡོད། འཆམ། ཉོ། རོལ་རྩེད། རིག་གནས། ཚོང་ལས། ངལ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་བོད་རིགས་བརྗོད་བྱ་གཙོ་བོའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཞིག་ཡིན་པ་དང་། མི་རིགས་ཁྱད་ཆོས་དང་དེང་རབས་ཚོང་ལས། དར་སྲོལ་རླུང་རླབས་བཅས་གཞི་གཅིག་ཏུ་འདྲེས་པའི་ཚོང་ལས་སྲམ་ལམ་ཞིག་ཡིན།

        ཧུའུ་པའེ་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས་སེམས་ཀྱི་ཉི་ཟླར་སླེབས་པ་ནི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐེངས་ཤིག་ཡིན་ལ། འདི་ན་གནམ་སྔོན་པོ་དང་སྤྲིན་དཀར་པོ། ནོར་ལུག་གི་ཁྱུ་སོགས་སྣང་། ཁྱད་པར་དུ་རྡོ་མཁར་རྫོང་ནས་སེམས་ཀྱི་ཉི་ཟླའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་མྱོང་ཐུབ་བྱུང་། ཉེ་བ་དང་གྲོགས་པོ་ཚོ་ལ་མཚམས་སྦྱོར་བྱེད་འོས་པ་ཞེས་ཟེར་བ་དང་བསམ་ཚུལ་འདི་ནི་ཡུལ་སྐོར་བ་མང་པོས་མཉམ་སྒྲོག་བྱུང་ལ། མང་ཆེ་བས་ཐེངས་རྗེས་མར་ནང་མི་དང་གྲོགས་པོ་ཚོ་མཉམ་དུ་སེམས་ཀྱི་ཉི་ཟླའི་ཕུན་སུམ་ཚོགས་པའི་རིག་གནས་མྱོང་ཚོར་བྱེད་ཡོང་རྒྱུ་ཡིན་པར་བསྟན།

        རིག་གནས་ནི་ལྗོངས་ཁུལ་གྱི་སྲོག་རྩ་ཡིན་ལ། རྡོ་མཁར་རྫོང་གི་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་ཕུན་སུམ་ཚོགས་པོར་གཏོང་བ་དང་། ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་བསྒྱུར་བར་སྐུལ་འདེད་གཏོང་བའི་ཆེད་དུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཚོང་འགུགས་དངུལ་འདྲེན་དང་ཚོང་དུད་ཀྱི་རྣམ་པ་བསྒྱུར་བར་སྐུལ་སློང་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱོད་པ་དང་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།

        རྡོ་མཁར་རྫོང་དུ་གནའ་ཉམས་དོད་པོའི་འཛུགས་སྐྲུན་སྣ་ཚོགས་དང་། ཟ་ཁང་ཆེ་ཆུང་སྣ་ཚོགས། དེ་མིན་རིག་གནས་གསར་གཏོད་ཚོང་ཁང་སྣ་ཚོགས་རིམ་པ་ལྟར་ཆགས་ཡོད་པ་མ་ཟད། ད་དུང་ཡུལ་སྐོར་བས་དངོས་སུ་མྱོང་ཐུབ་པའི་རིག་གནས་སྒྱུ་རྩལ་ཁང་མི་ཉུང་བའང་ཡོད། ཚོང་ཁང་དེ་དག་གིས་ཡུལ་སྐོར་བ་རྣམས་ལ་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་བྱེད་པའི་དུས་མཚུངས་སུ་དངོས་གནས་ཀྱིས་རིག་གནས་ཉམས་མྱོང་བྱེད་ས་འདོན་པ་རེད། ཡུལ་སྐོར་བ་རྣམས་རྡོ་མཁར་རྫོང་དུ་འཆམ་དགའ་བ་མ་ཟད། ས་གནས་དེ་གའི་མི་འགའ་ཡང་ཁོམ་པ་ཡོད་དུས་རྡོ་མཁར་རྫོང་དུ་ངལ་གསོ་བར་དགའ།

      རང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དར་འཕེལ་ཏན་ཏིག་གཏོང་བ་དང་། སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་སྤུས་རྟགས་གོང་དུ་གཏོང་བའི་ཆེད་དུ། ད་ལོའི་རྒྱལ་སྟོན་སྐབས་སུ། རང་ཁུལ་གྱིས་ཟླ་འོད་ཐང་ཆེན་གྱི་འགྲམ་དུ་དངོས་མིན་རིག་གནས་ཤུལ་བཞག་གི་ཚོང་འདུས་བཀོད་སྒྲིག་བྱས་ནས། ས་གནས་དེ་གའི་དངོས་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་སྣ་ཚོགས་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་པ། དེ་མིན་ཐང་ཆེན་དུ་ད་དུང་བྲོ་གར་འགྲེམ་སྟོན་དང་བདེ་ཆེན་གྱི་དངོས་མིན་རིག་གནས་ཤུལ་བཞག་གི་གླུ་གར་འགྲེམ་སྟོན། མེ་ཕུང་དགོང་ཚོགས་སོགས་སྤེལ་ཡོད་པས། ཡུལ་སྐོར་བ་རྣམས་ལ་བདེ་ཆེན་གྱི་མི་རིགས་སྣ་མང་དང་རིག་གནས་སྣ་ཚོགས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་དུ་བཅུག་པ་རེད།