མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་ནས་འཆམ་མཐུན་གྱི་འོད་སྟོང་གངས་རིར་འཕྲོ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཉེ་བའི་ལོ་ཤས་རིང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འོག་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དེ་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱས་རང་བཞིན་གྱི་མཆོང་སྐྱོད་ལྟ་བའི་ཡར་ཐོན་བྱུང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་ཆུ་ཚད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་དུས་བབས་གསར་པའི་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེ་ཚན་གསར་བ་བཏོད་པ་ནས་རྒྱལ་ཡོངས་བོད་ཁུལ་དུ་བཀྲག་མདངས་འཚེར་བའི་དར་ཆ་ཞིག་བཙུགས་པ་རེད། འཇོལ་རྫོང་གིས་སྐབས་གསུམ་ལ་བསྟུད་མར་རྒྱལ་ཡོངས་བདེ་འཇགས་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ་པ་མ་ཟད། 2017ལོར་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་དགའ་མཐོ་ཤོས་ཀྱི“ཁྲང་ཨན་བུམ་པ”ཐོབ་པ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ། 

    འཇོལ་རྫོང་གིས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པ་བྱས་ཏེ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྩ་བའི་འགན་ལེན་དང་བསམ་བློའི་རྨང་གཞི་བརྟན་པོ་ཞིག་ཏུ་བརྩིས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ལ་བརྟེན་ནས་འཇོལ་རྫོང་གི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་དངོས་པོའི་རྨང་གཞི་བརྟན་པོར་འཛུགས་པ།

    འཕེལ་རྒྱས་ནི་འཇོལ་རྫོང་གི་གནད་དོན་ཚང་མ་སེལ་བའི་རྨང་གཞི་ཡིན།འཇོལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་མི་སེམས་ཐོབ་པ་དང་རྨང་གཞི་བརྟན་དུ་གཏོང་བ། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་འགན་ལེན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤྱི་ཚོགས་རྨང་གཞི་བརྟན་པོར་འཛུགས་པ།

    འཇོལ་རྫོང་གིས་གཏིང་ཟབ་ངང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཁོང་དུ་ཆུད་པར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞིར་བརྩིས་ཡོད་པ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་འཐབ་ཕྱོགས་གཅིག་གྱུར་རྨང་གཞི་བརྟན་པོ་འཛུགས་པ།

    འཇོལ་རྫོང་གིས་འགོ་ཁྲིད་ལས་བྱེད་པས་དགོན་སྡེའི་འདུ་གནས་དང་དཀའ་ངལ་ཡོད་པའི་གྲྭ་པར་འབྲེལ་གཏུགས་བྱས་པའི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་གཏུག་གི་ནང་དོན་དང་ཁྱབ་ཁོངས་ཟབ་ཏུ་བཏང་ནས། རྫོང་ཡོངས་ཀྱི་ཁྲུའུ་རིམ་པའི་ལས་བྱེད་པ་39དང་རྫོང་རིམ་པའི་སྡེ་ཁག་གི་འགན་འཁུར་བ་80ལྷག་ཙམ་གྱིས་དགོན་སྡེ་དང་འདུ་གནས་23ལ་ཆ་སྒྲིག་འབྲེལ་གཏུག་བྱས་ནས་འགལ་བ་གྲལ་བཤེར་དང་། དྲིལ་བསྒྲགས་སློབ་གསོ། དྲོ་སྐྱིད་སྐྱེལ་བ།དངོས་དོན་སྒྲུབ་པ་སོགས་ཀྱི་ལས་དོན་རྒྱུན་ལྡན་ངང་སྤེལ་བ་རེད།

    མི་རིགས་ཚོགས་པའི་འཕེལ་རྒྱས་ལས་དོན་གྱི་གཞི་རིམ་རྨང་གཞི་བརྟན་པོ་འཛུགས་པ།

    འཇོལ་རྫོང་གིས་ཁྱད་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་དང་པོར་བརྩི་བ་དང་། ཞིང་ཆེན་ཨུ་ལྷན་གྱི་“གཞི་རིམ་ཏང་འཛུགས་སྐྱོང་གསར་གཏོད་ལོ་”ཞེས་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། “དར་དམར་ཏང་རྩ་འཛུགས་”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།