རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ10པའི་ཚེས22ཉིན་གྱི་སྔ་དྲོའི་དུས་ཚོད་10སྟེང་།འཇོལ་རྫོང་ནས་《ཁ་བ་དཀར་པོར་མཇལ་བ་》ཞེས་པ་འཁྲབ་སྟོན་བྱས་ནས་འཇོལ་རྫོང་སེམས་ཀྱི་ཉི་ཟླ་ཁ་བ་དཀར་པོའི་འཇོལ་གཞས་དུས་ཆེན་སྐབས་གཉིས་པ་དངོས་སུ་འགོ་བརྩམས་པ་རེད།འཇོལ་རྫོང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར།འབའ་ལུང་རྫོང་དང་དེ་མིན་མུ་འབྲེལ་ས་ཁུལ་རྫ་ཡུལ་རྫོང་། མཛོ་སྒང་རྫོང་། སྨར་ཁམས་རྫོང་། འབའ་ཐང་རྫོང་།སྡེ་རོང་རྫོང་སོགས་ཀྱི་འཐུས་མི་རུ་ཁག་འཇོལ་གཞས་དུས་ཆེན་ཐོག་ཞུགས་ཡོད་ལ།སྔར་ལས་ལྷག་པའི་སྒོ་ནས་མུ་འབྲེལ་ས་ཁུལ་གྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་དང་། ཁ་གཏད་རོགས་སྐྱོར་ས་ཁུལ་དང་མུ་འབྲེལ་བོད་ཁུལ། མཛའ་མཐུན་རྫོང་(གྲོང་ཁྱེར་)བཅས་བར་མཐུན་སྒྲིལ་དང་ཕན་ཚུན་དགའ་ཞེན་བྱེད་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་འཇོལ་གཞས་དུས་ཆེན་ནི་ཟླ10པའི་ཚེས22ཉིན་ནས་ཟླ10པའི་ཚེས30ཉིན་པར་སྤེལ་རྒྱུ་ཡིན་པ་རེད།
ཐེངས་འདིའི་འཇོལ་གཞས་དུས་ཆེན་ནི་འཇོལ་རྫོང་ཨུ་དང་འཇོལ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་བ་དང་།ཀྲུང་གུང་འཇོལ་རྫོང་དྲིལ་བསྒྲགས་པུའུ།འཇོལ་རྫོང་རིག་གནས་དང་ཡུལ་སྐོར་ཅུས།འཇོལ་རྫོང་སློབ་གསོ་དང་ལུས་རྩལ་ཅུས།འཇོལ་རྫོང་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་ཀྱིས་གཉེར་འགན་འཁུར་བ།ཧྲང་ཧའེ་ཅ་ཏིང་ཆུས་མི་དམངས་སྲིད་གཞུང་།ཡུས་ཞི་གྲོང་ཁྱེར་མི་དམངས་སྲིད་གཞུང་།ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་ཞབས་བྲོ་མཁས་པའི་མཐུན་ཚོགས།འཇོལ་རྫོང་རིམ་པ་ཁག་གི་སྡེ་ཁག་སོ་སོས་མཐུན་སྦྱོར་བྱས་པ་རེད།
ཐེངས་འདིའི་འཇོལ་གཞས་དུས་ཆེན་ཐོག་འགོ་ཚུགས་མཛད་སྒོ་དང་།ཀྲུང་གོའི་བོད་ཁུལ་གྱི་པི་ཝང་དང་གླུ་གར་གྱི་འགྲན་བསྡུར་ཆེན་མོ། ཤང་དང་གྲོང་རྡལ་གྱི་པི་ཝང་ཞབས་བྲོ་འགྲེམས་འཁྲབ། རིག་གནས་སྤེལ་རེས་ཀྱི་མཚན་ཚོགས། མཇུག་སྒྲིལ་མཛད་སྒོ།ཁ་བ་དཀར་པོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར།ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་སོགས་ཀྱི་བྱ་འགུལ་ཁག་9ཡོད་པ་རེད།