བདེ་ཆེན་ཁུལ་གྱི་གཞུང་ལམ་ཐོག་མ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70སོང་བའི་རིང་བདེ་ཆེན་གྱི་འགྲིམ་འགྲུལ་ཀྱག་ཀྱོག་གི་ལམ་བུ་ནས་ཁོད་སྙོམས་པའི་སྣུམ་ནག་ལམ་བུ་དང་། ཕྱིར་སྐྱོད་སྐབས་གཞི་རྩའི་སྟེང་ནས་རྐང་པ་གཉིས་ལ་བརྟེན་པ་ནས་རླངས་འཁོར་ལ་བརྟེན་པ། ཐག་རིང་ལུང་ཁུག་ནས་འགྲོ་ལམ་ཤར་གཏོང་བྱས་པ་སོགས་བདེ་ཆེན་གྱི་འགྲིམ་འགྲུལ་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་།རྫོང་དང་ཤང་གི་གཞུང་ལམ་ཁོད་སྙོམས་བརྟན་པོ་ཡོད་པ་དང་གྲོང་གསེབ་ཀྱི་གཞུང་ལམ་འཕྲེད་གཞུང་དུ་གནས་པ་རེད།  

    ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་མགོར་བདེ་ཆེན་དུ་གཞུང་ལམ་ཚུན་གཅིག་ཀྱང་མེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་རྟ་རྒྱབ་ཁལ་ཁུར་ནས་རི་མཐོའི་གྲོག་རོང་དུ་བསྐྱོད་པ། ཀྱག་ཀྱོག་གི་ལམ་བུའི་ཐོག་བསྐྱོད་པའི་འགྲིམ་འགྲུལ་ཆ་རྐྱེན་གྱིས་མི་དམངས་མང་ཚོགས་ཕྱིར་སྐྱོད་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད།  

    1952ལོར།རང་ཁུལ་གྱིས་མངའ་ཁོངས་ནང་གི་གཞུང་ལམ་དང་པོ་སྟེ་ཅུས་ཝུའེ་གཞུང་ལམ་བསྐྲུན་ནས་རང་ཁུལ་གྱི་འགྲིམ་འགྲུལ་གྱི་སྟོང་ཆ་བསྐངས་ཡོད། ཅུས་ཝུའེ་གཞུང་ལམ་སྐྲུན་འགོ་ཚུགས་ཚུན། བདེ་ཆེན་གྱི་གཞུང་ལམ་འཛུགས་སྐྲུན་ལོ་རེ་བཞིན་མགྱོགས་སུ་བཏང་བ་དང་། ལྷག་པར་དུ་ཡུན་བོད་གཞུང་ལམ་གྱི་དཀྱིལ་ལམ་བསྐྲུན་རྗེས་འགྲིམ་འགྲུལ་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། 

    སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་གི་1978ལོར་ཁུལ་ཡོངས་ཀྱི་གཞུང་ལམ་རིང་ཚད་སྤྱི་ལེ་855ཟིན་པ་དང་འཕྲུལ་སྒུལ་འཁོར་ལོ་རིགས་226ཡོད་པ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་བདེ་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྔར་བྱུང་མ་མྱོང་པའི་མྱུར་ཚད་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་ཡོད། 2007ལོར་ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཚད་སྤྱི་ལེ་3893ཟིན་པ་དེ་1978ལོའི་ལྡབ་8.13ཡིན་པ་དང་། རྒྱལ་ལམ་དང་། ཞིང་ཆེན། རྫོང་དང་ཤང་བཅས་ཀྱི་གཞུང་ལམ་80%སྲ་འགྱུར་དང་རིམ་སྤོར་སྒྱུར་བཀོད་བྱས་ཡོད་པ་རེད།

    ལོ་ལྔ་ཚན་བཅོ་ལྔ་བའི་སྐབས་སུ། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་མ་འཇོག་སྒོར་དུང་ཕྱུར་204.24ལེགས་གྲུབ་བྱུང་བ་དེ་ལོ་ལྔ་ཚན་བཅུ་གཅིག་པའི་སྐབས་ཀྱི་ལྡབ3.9ཡིན་པ་རེད།གཙོ་བོའི་རྣམ་གྲངས་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱིས་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཡོངས་སྐྲུན་འགོ་ཚུགས་པ་དང་།སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་བར་དང་འཇོལ་རྫོང་ནས་འབའ་ལུང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་དེ་གཞི་རྩའི་ཐོག་ནས་ལེགས་གྲུབ་བྱུང་དེ་རླངས་འཁོར་ཤར་གཏོང་བྱས་པ་རེད།གཡག་རྭ་དང་།སེམས་ཀྱི་ཉི་ཟླ་ནས་ཕྱག་ཕྲེང་བར་གྱི་གཞུང་ལམ། ཡུན་ནན་དང་སི་ཁྲོན་བར་གྱི་གཞུང་ལམ་སོགས་ནང་འབྲེལ་གྱི་ཕྱི་སྦྲེལ་ལས་གྲྭ་ལ་བརྟན་པོའི་ངང་སྐུལ་འདེད་བྱས་པ་རེད།

    ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ།རང་ཁུལ་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྣམ་པ་དེ་བས་ལེགས་པ་བསུས་ཡོད། མིག་སྔའི་བར་ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་6380ཟིན་པ་དང་། ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་29ལ་ཤང་སོ་སོར་སྣུམ་ནག་གཞུང་ལམ་ཤར་གཏོང་བྱས་ནས། འགྲུལ་སྐྱེལ་རླངས་འཁོར་དང་སྦྲག་སྐྱེལ་ཤར་གཏོང་ཐུབ་པ་བྱུང་བ། སྲིད་འཛིན་གྲོང་ཚོའི(སྡོད་དམངས་ཨུ་ལྷན)193གྱི་གཞུང་ལམ་ཁྱབ་ཚད་100%ཟིན་ཡོད་པ་རེད། མིག་སྔར་ཆ་སྙོམས་བྱས་ན་ཉིན་གཏོང་དུས་གཏན་གནམ་གྲུ་ཐེངས་12དང་ཉིན་གཏོང་འགྲུལ་སྐྱེལ་ལམ་ཐིག་ཐེངས་53ཡོད་པ་རེད། གཞུང་ལམ་གཙོ་བོ་དང་།      ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་གཙོ་བོར་བྱེད་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་རྒྱབ་རྟེན་གལ་ཆེན་དུ་བྱེད་པ། ཀུན་སྤྱོད་མཁའ་འགྲུལ་དང་ཆུ་ཐོག་སྐྱེལ་འདྲེན་གྱིས་ཁ་གསབ་བྱེད་པའི“ཕྱོགས་ལྔ་གཞི་གཅིག”གི་ཕྱོགས་ཡོངས་ལ་ཁྱབ་པའི་ལངས་གཟུགས་འགྲིམ་འགྲུལ་མ་ལག་དྲ་རྒྱ་གཞི་རྩའི་ཐོག་ནས་ཆགས་ཡོད་པ་རེད།