གླེགས་བམ་གྲོང་ཚོའི་སྟོན་ལྗོངས་མཛེས་ཤིང་སྡུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-12   རྩོམ་ཁུངས།   

ཟླ་11པའི་ཚེས་9ཉིན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧུའུ་ཁྲའོ་ཡིས་པར་བླངས་པའི་གླེགས་བམ་གྲོང་ཚོའི་ཟུར་ཞིག

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གླེགས་བམ་གྲོང་ཚོ་ནི་ཡུན་ནན་ཞིང་ཆེན་འཇོལ་རྫོང་སྨན་རིའི་ཤར་ཕྱོགས་ཀྱི་ཡུན་ལིང་ཤང་ནང་ཁོངས་སུ་གནས་ཡོད་ལ། ས་གནས་དེ་གར་ས་བབ་ཀྱི་ཁོར་ཡུག་དམིགས་གསལ་ཡིན་པ་དང་མི་གྲངས་ཉུང་བ། གྲོང་ཚོ་ཡོངས་སུ་དུད་ཚང་20ལྷག་ལས་མེད། གླེགས་བམ་གྲོང་ཚོ་ནི་ཡུལ་ལྗོངས་མཛེས་ཤིང་སྡུག་ལ་དམངས་སྲོལ་བག་ཆགས་ལྡན།

ཟླ་11པའི་ཚེས་8ཉིན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧུའུ་ཁྲའོ་ཡིས་མི་མེད་གནམ་གྲུ་སྤྱད་དེ་པར་བླངས་པའི་གླེགས་བམ་གྲོང་ཚོའི་ཉི་མ་ནུབ་དུས་ཀྱི་ཡུལ་ལྗོངས།

        ངག་རྒྱུན་དུ་གླེགས་བམ་གྲོང་ཚོ་སྔར་ནི་གཞན་གྱིས་མི་ཤེས་པ་དང་། རྗེས་སུ་སྨན་རིའི་རྒྱབ་ཀྱི་རྒན་པོ་ཞིག་གིས་རྟག་ཏུ་རྫ་ཆུ་འགྲམ་གྱི་ཤར་ཏང་གྲོང་ཚོར་འབྲུ་རིགས་གཡར་བར་ཡོང་། ཤར་ཏང་གྲོང་ཚོའི་མི་དག་གིས་རྒན་པོ་དེ་གང་ནས་ཡོང་བར་མི་ཤེས་པས་མི་འགས་རྒན་པོའི་རྗེས་སུ་འདེད་ཀྱང་འགྲོ་བཞིན་འགྲོ་བཞིན་འགྲོ་གིན་མཐོང་མ་སོང་།  དེའི་རྗེས་སུ་མི་ཞིག་གིས་ཐབས་ཤིག་དྲན་ཏེ། རྒན་པོ་དེ་འབྲུ་རིགས་གཡར་ཡོང་དུས་ཤར་ཏང་གྲོང་ཚོའི་མི་དག་གིས་ཐེངས་འདིར་ཁྱེད་ལ་ནས་གཡར་རྒྱུ་མིན་པ་དང་གྲོ་ཡང་གཡར་རྒྱུ་མིན་ལ།  ཡང་ཁྱེད་ལ་ཁྲེ་གཡར་སྟེར་ཞེས་ཟེར་ནས་ཁོ་ཚོས་རྒན་པོ་ལ་སྒྱེ་མོ་ཕྲག་ཏུ་འཁུར་རོགས་བྱེད་དུས་སྒྱེ་མོ་ལ་དོང་ཆུང་ཞིག་བཟོས་བ།  དེ་ནས་ཁྲེ་དེ་ལམ་བར་དུ་གཏོར་བ་དང་ཤར་ཏང་གྲོང་ཚོའི་མི་དག་གིས་རྒན་པོའི་རྗེས་སུ་འབྲངས་བ། རྡོ་ཆེན་གཅིག་གི་སྔོན་དུ་ཟིན་དུས་ཁྲེ་དེ་མེད་པ་དང་ཁོ་ཚོས་རྡོ་དེ་གཤགས་དུས་དེའི་ཞབས་གྲོང་ཚོ་ཞིག་ཡོད་པར་མཐོང་སྟེ་གླེགས་བམ་གྲོང་ཚོ་ནི་སྐབས་དེར་གཞན་གྱིས་ཤེས་པ་རེད་ཞེས་ཟེར་སྲོལ་ཡོད།

ཟླ་11པའི་ཚེས་9ཉིན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧུའུ་ཁྲའོ་ཡིས་མི་མེད་གནམ་གྲུ་སྤྱད་དེ་པར་བླངས་པའི་གླེགས་བམ་གྲོང་ཚོའི་ཟུར་ཞིག

ཟླ་11པའི་ཚེས་9ཉིན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧུའུ་ཁྲའོ་ཡིས་མི་མེད་གནམ་གྲུ་སྤྱད་དེ་པར་བླངས་པའི་གླེགས་བམ་གྲོང་ཚོའི་ཟུར་ཞིག

ཟླ་11པའི་ཚེས་9ཉིན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧུའུ་ཁྲའོ་ཡིས་མི་མེད་གནམ་གྲུ་སྤྱད་དེ་པར་བླངས་པའི་གླེགས་བམ་གྲོང་ཚོའི་ཟུར་ཞིག (འདྲ་པར་མཐུད་སྦྱོར།)