གློག་རྡུལ་མེ་འཁོར་པཱ་སེ་ལག་བསྟར་བྱ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-18   རྩོམ་ཁུངས།    མཚོ་སྔོན་གསར་འགྱུར་དྲ་བ།

    ཉེ་སྔོན། འགྲུལ་པའི་འགྲོ་འོང་ལ་སྟབས་བདེ་སྐྲུན་ཆེད། ཀྲུང་གོ་ལྕགས་ལམ་ལན་ཀྲོའུ་ཅུའུ་སྡེ་ཚོགས་ཚད་ཡོད་ཀུང་ཟིས་གློག་རྡུལ་མེ་འཁོར་པཱ་སེ་སྐུལ་སྤེལ་བྱ་བའི་གྲོས་ཚོགས་བསྡུས་ཤིང་། གྲོས་ཚོགས་ལས་བྱ་བའི་བྱེད་ཐབས་སྣ་ཚོགས་ཞིབ་ཕྲའི་སྒོ་ནས་ལག་བསྟར་བྱས་ཏེ། ཟླ11པའི་ཚེས30སྔོན་ལ་གློག་རྡུལ་མེ་འཁོར་པཱ་སེ་ལག་བསྟར་བྱེད་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།གློག་རྡུལ་མེ་འཁོར་པཱ་སེ་ལག་བསྟར་བྱས་རྗེས་གྲལ་སྒྲིག་ནས་པཱ་སེ་ལེན་མི་དགོས་པར། ཐད་ཀར་དུ་ལག་འཁྱེར་ཁ་པར་དང་ཐོབ་ཐང་ལག་འཁྱེར་བཟུང་ནས་མེ་འཁོར་ལ་བསྡད་ཆོག