རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་20ཡི་འབད་འཐབ་བྱས་པ་བརྒྱུད་ཟླ་11པའི་ཚེས་4ཉིན་འཇོལ་རྫོང་ཐང་སྟེང་ཤང་གི་འབྲི་ཆུའི་ཟམ་ཆེན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། ཟམ་ཆེན་འདི་ལ་ཁྱོན་མ་དངུལ་སྒོར་ཁྲི་4800བཏང་ཡོད་ཅིང་། 2018ལོའི་ཟླ་1པོའི་ཚེས་26ཉིན་དངོས་སུ་ལས་འགོ་ཚུགས་ཏེ2019ལོའི་ཟླ་9ཚེས་28ཉིན་ལས་མཇུག་འགྲིལ་བ་རེད། སྤུས་ཚད་ཞིབ་དཔྱད་ཚད་ལེན་ཚད་ལོན་པ་དང་། ལས་གྲྭའི་སྤུས་ཚད་སྤྱིའི་དཔྱད་བསྡུར་གཏན་འབབེས་བྱས་ནས་ཚད་ལྡན་བྱུང་ཡོད། ( ཧོ་ཏི་ལུང་གིས་པར་བླངས།)