རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་11པའི་ཚེས་13ཉིན་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཡུན་ནན་ཞིང་ཆེན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་གི་སྙན་ཞུའི་ཚོགས་འདུ་ཁུན་མེན་དུ་འཚོགས་པ་རེད།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་སོགས་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས།ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་བཅས་ཀྱིས་ཡན་ལག་ཚོགས་རར་བརྙན་འཕྲིན་ལྟ་ཉན་ཚོགས་འདུ་འཚོགས་པ་རེད།
ཧྲི་ཀྲི་ཧུང་གིས་་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆ་རྒྱས་བཤད་གཏིང་ཟབ་བྱས་པ་རེད། 《གཏན་འབེབས》ནང་བཏོན་པའི་སྤྱིའི་བླང་བྱ་དང་། སྤྱིའི་དམིགས་ཚད་བཅས་ལ་འགྲེལ་བཤད་བརྒྱབ་པ། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་བྱ་ཐབས་དང་ཐབས་ལམ་བཏོན་པ་བཅས་རེད།