རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་11པའི་ཚེས14ཉིན། རང་ཁུལ་གྱིས་2019ལོའི་ནག་སེལ་ངན་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ནག་སེལ་ངན་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་དུས་མཚམས་གོང་མའི་ལས་དོན་སྤེལ་ཚུལ་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས། ཚོགས་འདུའི་ཐོག་བསྟན་དོན། ལོ་འདི་འགའི་རིང་དུ།ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ཞིང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལས་དོན་འབོར་ཆེན་བསྒྲུབས་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ནག་སེལ་ངན་བཅོམ་གྱི་ཆེད་དོན་འཐབ་རྩོད་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། འདི་ལོ་ནི་ནག་སེལ་ངན་བཅོམ་གྱི་ཆེད་དོན་འཐབ་རྩོད་སྔ་མཐུད་ཕྱི་འདྲེན་དང་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཡིན་པས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་གྱོད་གཞི་རྩད་གཅོད་འགག་སྒྲོལ་དང་། གདུགས་རྡུང་དྲ་གཏོར་དང་ནོར་རྡུང་ཁྲག་གཅོད་ཀྱི་དྲ་བ་གཏོར་བའི་ཕྱོགས་བསྡུས་བཅོས་སྒྲིག་བཅས་ཀྱི་ཐད་སླར་ཡང་ཤུགས་སྣོན་བརྒྱབ་ནས་ཆེད་དོན་འཐབ་རྩོད་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ལོ་རྗེས་མ་་ནི་ཆེད་དོན་འཐབ་རྩོད་ཀྱི་ལོ་གསུམ་གྱི་དུས་ཡུན་དམིགས་ཚད་མངོན་འགྱུར་བྱུང་བའི་ལོ་ཞིག་ཡིན་པས་རིམ་ཁག་སྡེ་ཚན་ཁག་གིས་ཕུགས་ཕན་རྒྱུན་སྐྱོང”གི་དམིགས་ཚད་བླང་བྱར་དམིགས་ཏེ་ཕྱོགས་གསུམ་ཐད་ཀྱི་ལས་དོན་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས། གཅིག་ནི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་འཚོལ་ཞིབ་བྱེད་དགོས། ཆེད་དོན་འཐབ་རྩོད་ཁྲོད་གནས་པའི་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་འཚོལ་ཞིབ་དང་དབྱེ་ཞིབ་ཞིབ་འཇུག་གཏིང་ཟབ་བྱས་ནས་གནད་སྨིན་འཐུས་ཚང་གི་ཉམས་མྱོང་དང་བྱེད་སྟངས་ཁྱོན་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་། བཅའ་ཁྲིམས་དང་། སྲིད་ཇུས། ལམ་ལུགས། ལམ་སྲོལ་བཅས་ཀྱི་ཐད་ནས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་རྡུང་རྡེག་དང་། བཅོས་སྒྲིག་དོ་དམ། འཛུགས་སྐྲུན་བཅས་ཀྱི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱས་ཏེ་ནག་སེལ་ངན་བཅོམ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གཉིས་ནི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་འགལ་བ་དང་ཉེན་ཁ་སྔོན་འགོག་སེལ་ཐབས་བྱེད་པ། སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་པའི་བདེ་འཇགས་འགན་སྲུང་བྱེད་པ་བཅས་ཀྱི་ལས་འགན་ཆེན་པོ་བཞི་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཏེ། ཉེས་དོན་ཁྲིམས་འཛིན་དང་སྲིད་འཛིན་ཁྲིམས་བསྟར་ཕན་ཚུན་འབྲེལ་མཐུད་དང་། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཕན་ཚུན་མཉམ་འདྲེས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་འཛུགས་དགོས། གསུམ་ནི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། བརྗོད་བྱ་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཁྱོན་ཡོངས་ནས་གཏོད་དགོས་པར་བྱ་དགོས།
ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུ་དང་།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ནག་སེལ་ངན་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོ་ཆུང་གི་ཚན་གཙོ་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་གསུང་བཤད་ཀྱང་གནང་། འགོ་ཁྲིད་ཚོ་ཆུང་གི་ཚན་གཙོ་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཝུའུ་ཞུའེ་ཙུའོ་བཅས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་དང་། ཁུལ་ཨུ་རྩ་འཛུགས་པུའུ་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཁོངས་གཏོགས་ཀྱི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནད་དོན་དག་ཐེར་དོན་འཁྱོལ་དང་།ནག་སེལ་ངན་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།