རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ལུན་ཏུན་གྱི་དུས་ཚོད་ཟླ་11ཚེས་20ཉིན་གྱི་ཆུ་ཚོད་10པར་མཛེས་སྡུག་ལྡན་པའི་ཡུན་ནན་སེམས་ཀྱི་ཉི་ཟླ་ཞེས་པའི་རིག་གནས་སྤེལ་རེས་བྱེད་སྒོ་དབྱིན་ཇིའི་རྒྱལ་ཁབ་མཛེས་རྩལ་ཁང་དུ་སྤེལ་བ་རེད།
འགྲེམ་སྟོན་སྟེང་ཞུགས་ཡོད་པའི་ཐང་གའི་སྒྱུ་རྩལ་བ་དཔལ་ལྡན་རྣམ་རྒྱལ།(གཡོན།)
བྱེད་སྒོའི་སྟེང་ལྟ་སྐོར་བས་དོ་སྣང་ཆེན་པོ་བྱེད་སའི་སེམས་ཀྱི་ཉི་ཟླའི་བོད་སྨན། བོད་སྤོས། ཐང་ག དེ་མིན་བོད་ཀྱི་རིག་གནས་དང་ལོ་རྒྱུས་མཚོན་པའི་ལག་ཤེས་བོད་ལྭ། ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་པའི་ཚོགས་མི་སྟེ་བདེ་ཆེན་སེམས་ཀྱི་ཉི་ཟླའི་བཻཌཱུརྱ་བོད་ཀྱི་རིག་གནས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱིའི་འགན་འཛིན་པ་བློ་དགས་སེམས་ཀྱི་ཉི་ཟླའི་བོད་སྨན་དང་བོད་སྤོས་ཐོན་རྫས་ལ་དོ་སྣང་དང་དགའ་བསུ་ཆེན་པོ་ཐོབ་ཅིང་། མིག་སྔར་དབྱིན་ཇིའི་ཁམས་གསོ་ཐོན་ལས་ཀྱི་ཁེ་ལས་4ཡིས་ཀྲུང་གོའི་གྲགས་ཅན་གསོ་རིག་བཞིའི་གྲས་ཀྱི་བོད་སྨན་གསོ་རིག་དེ་འཁྲུས་གསོལ་བདེ་ཐང་ཐོན་ལས་ཆེན་པོ་དང་མཉམ་ལས་བྱེད་པའི་འདུན་པ་འདུག་ཅེས་བཤད།
ཕུན་སུམ་ཚོགས་ལག་ཤེས་བོད་ལྭའི་འགྲེམ་སྟོན་ཡུལ་དངོས།
ལག་ཤེས་བོད་ལྭ་བཟོ་གྲྭ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕུན་སུམ་ཚོགས་མི་རིགས་གྱོན་ཆས་ཚད་ཡོད་འགན་འཁྲི་ཀུང་སིའི་ཁྲིམས་མི་སྟེ་སྐུ་ཞབས་ཆོས་འཕེལ་གྱིས་ང་ཚོས་རྒྱང་ཐག་རིང་གི་དབྱིན་ཇི་ནས་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བོད་ལྭ་རྒྱུན་འཛིན་དང་འགྲེམ་སྟོན་བྱེད་ཐུབ་པར་ཧ་ཅང་དགའ་བོ་སྐྱེས་ཡོད་ཐུགས་རྗེ་ཆེ་ཞུ་ཞེས་བཤད།
སུམ་རྩེན་རིག་གནས་ཡུལ་སྐོར་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་བོད་སྤོས་རྒྱུན་འཛིན་པ་ཆོས་མཚོས་བོད་སྤོས་ངོ་སྤྲོད་བྱེད་བཞིན་པ།
སྐར་མ་བཅུ་ཕྲག་ཁ་ཤས་ནང་དབྱིན་སྒོར་300ཙམ་གྱི་བོད་སྤོས་བཙོང་ཚར་བའི་བདེ་ཆེན་སུམ་རྩེན་རིག་གནས་ཡུལ་སྐོར་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་བོད་སྤོས་རྒྱུན་འཛིན་པ་ཆོས་མཚོས་དགའ་སྤྲོ་ཆེན་པོས་དབྱིན་ཇིའི་གྲོགས་པོ་མང་བོ་ཞིག་གིས་ང་ཚོའི་ཐོན་རྫས་ལ་ཤེས་རྟོགས་བྱས་ལ། ཀུང་སིས་ཡང་རྒྱལ་སྤྱིའི་གར་སྟེགས་འདི་བརྒྱུད་ནས་བོད་སྤོས་ཕྱིར་ཚོང་བྱེད་ཐུབ་པར་དགའ་སྣང་དང་རེ་བ་ཆེན་པོ་སྐྱེས་ཡོད་ཅེས་བཤད།
འགྲེམ་སྟོན་ལ་ཞུགས་པའི་བདེ་ཆེན་གྱི་ཁེ་ལས་པ་དང་ལག་ཤེས་བཟོ་ལས་པའི་མཛའ་བརྩེའི་མཉམ་པར།