རྩོམ་པ་པོ།   ཞའོ་ལི་ནཱ།  ཡིག་བསྒྱུར།       དུས་ཚོད།   2019-12-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
2019ལོའི་ཟླ་11པའི་ཚེས་28ཉིན་ནས་ཟླ་12ཚེས་1ཉིན་བར། ལྷོ་ནུབ་ནགས་ལས་སློབ་ཆེན་འདམ་རའི་སློབ་གླིང་གི་ཞིབ་འཇུག་སློབ་མ་ཞའོ་ལིན་ནཱ་ཡིས་སེམས་ཀྱི་ཉི་ཟླ་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་གནས(27°49'-27°55' N,99°37'-99°43' E)ནས་མཆུ་ཏོ་ཟོར་དབྱིབས་ཅན་གྱི་བྱ་རིགས་ཤིག་པར་ལེན་བྱས་ཤིང་། འབྲེལ་ཡོད་དཔྱད་གཞི་ལྟ་ཀློག་བྱས་པ་བརྒྱུད་འདབ་ཆགས་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་བྱ་རིགས་ཏེ་བཞད་ཁྲ(彩鹳)ཞེས་པ་དེ་ཡིན་པ་དང་། མིག་སྔར་བཞད་ཁྲ་ཟིན་ཐོ་ཡོད་པའི་ས་ཁོངས་ནང་གི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3275ཟིན་གྱི་ཡོད།
ནགས་ཕག་མཚོ་ནས་མཐོང་བའི་བཞད་ཁྲ།
བཞད་ཁྲའི་གཟུགས་དབྱིབས་ཅུང་ཆུང་ཞིང་།(ལི་སྨི་48ནས66བར)མཆུ་ཏོ་རིང་ལ་མར་འཁྱོག་པའི་དབྱིབས་ནི་ཟོར་བ་དང་འདྲ། བཞད་ཁྲའི་གཤོག་སྒྲོ་མང་ཆེ་བ་ནི་ཁམ་ནག་གི་མདོག་ཡིན་ལ་མདོག་སྨུག་པོའི་ལྕགས་རིགས་ཀྱང་ཡོད་པ་དང་། གདོང་ལ་མདོག་དཀར་པོའི་ཐིག་ལེ་ཡོད། བྱེའུ་ཕྲུག་གི་ལུས་སྤུ་ནི་གཙོ་བོ་ལྗང་ནག་ཡིན་ཞིང་འོད་མདངས་ཞན།
ཏཱ་ལི་ས་ཆ་ནས་པར་བླངས་པའི་བཞད་ཁྲ།
ཉེ་བའི་ལོ་ཤས་རིང་འདམ་རའི་ཁོར་ཡུག་སྤུས་ཚད་སླར་གསོ་བྱུང་བ་དང་ཆབས་ཅིག་ཤུལ་མེད་དུ་གྱུར་པའི་བཞད་ཁྲ་ནི་ས་ཆ་མང་པོར་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད།2012ལོའི་ཟླ་6པར་ཚན་ཞིབ་མི་སྣས་ཡུན་ནན་ཡུས་ཞི་ས་ཆ་ནས་བཞད་ཁྲ་ཡོད་པ་ཐོ་འགོད་བྱས་ཡོད། དེའི་རྗེས་སུ་ཡུན་ནན་ཞིང་ཆེན་དུ་བྱ་འདི་ཡང་ཡང་ཐོན་པ་དང་ཐོ་འགོད་བྱས་པའི་ཐེངས་གྲངས་20ལྷག་ཙམ་ཟིན་ལ་ཐེངས་གཅིག་གི་ཁྱུ་གྲངས་མང་ཤོས་ཀྱིས་བྱ་རིགས18ཟིན་ཡོད་པ་རེད།
ཏཱ་ལི་ས་ཆ་ནས་པར་བླངས་པའི་བཞད་ཁྲ།