རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-03   རྩོམ་ཁུངས།    འཇོལ་རྫོང་མངོན་མིན་རིག་གནས་ཤུལ་བཞག
2019ལོ་ནི་རང་རྒྱལ་གྱི་གེ་སར་རྣམ་གྲངས་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ནས་ལོ་10འཁོར་བའི་ལོ་ཞིག་རེད།འཇོལ་རྫོང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་2019ལོའི་ཟླ་8པ་ནས་བཟུང་བྱེད་སྒོ་མང་པོ་སྒྲིག་འཛུགས་བྱས་ཏེ་གེ་སར་རིག་གནས་འཛམ་གླིང་ཤུལ་བཞག་ནང་རེ་ཞུ་བྱས་ནས་ལོ་10འཁོར་བར་དྲན་གསོ་ཞུས་ཡོད།
སྒྲུང་བ་ཨ་སྐྱིད་ལ་བཅར་འདྲི་བྱེད་བཞིན་པ།
སྒྲུང་གི་ནང་དོན་ཡི་གེར་འགོད་པ།
ཟླ་8པའི་ཚེས་16ནས་ཚེས31ཉིན་བར་འཇོལ་རྫོང་མངོན་མིན་རིག་གནས་ཤུལ་བཞག་ལྟེ་བའི་རྩ་འཛུགས་ཀྱི་མི་སྣ་གྲོང་སྡེ་མང་པོར་བསྐྱོད་དེ་གེ་སར་རིག་གནས་ཀྱི་འབྲེལ་ཡོད་དཔྱད་ཡིག་བརྟག་དཔྱད་དང་འཚོལ་བསྡུ་བྱེད་པའི་ལས་ཀ་སྒྲུབ་ཞིང་། མཚོན་བྱེད་རང་བཞིན་ལྡན་པའི་དམངས་ཁྲོད་སྒྱུ་རྩལ་པ་མང་པོར་བཅར་འདྲི་བྱས་ནས་པར་དང་།ངག་ཐོག་གི་སྒྲ། ཡིག་ཐོག་བཅས་ཀྱི་ཐོག་ནས་དཔྱད་གཞི་རྩ་ཆེན་དེ་དག་ཉར་ཚགས་བྱས་པ་རེད།
གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོ།
སྒྲུང་ལ་ཉན་བཞིན་པའི་ཚུལ།
ཟླ་11པའི་ཚེས་11ཉིན་ནས་ཚེས་20ཉིན་བར་འཇོལ་རྫོང་མངོན་མིན་རིག་གནས་ཤུལ་བཞག་ལྟེ་བའི་རྩ་འཛུགས་ཀྱིས་འཇོལ་རྫོང་དཔེ་མཛོད་ཁང་དང་མཉམ་དུ་དམངས་ཁྲོད་རིག་གནས་ལ་དགའ་བོ་བྱེད་མཁན་ཁག་ཅིག་དང་།བོད་ཡིག་ཤེས་མཁན་གྱི་མི་དར་མ་10ལྷག་ཙམ་བསྡུས་ནས་དུས་ཡུན་ཉིན་བཅུའི་ནང་བོད་ཀྱི་སྙན་རྩོམ་གེ་སར་སྒྲུང་གི་སྐོར་ནས་གསབ་སྦྱོང་དང་སྒྲིག་འཛུགས་བྱས་ཤིང་།འཇོལ་ས་ཁུལ་དུ་དར་ཁྱབ་ཆེ་བའི་གྱི་གེ་སར་རྒྱལ་པོའི་སྒྲུང་གི་ངག་རྒྱུན་ནང་དོན་གདམས་ཐེངས་འདིའི་གསོ་སྦྱོང་གི་ནང་དོན་གཙོ་བོར་བྱས་ཡོད།
སྒྲུང་བ་ཧོ་ཅིན་ལི་ལ་བཅར་འདྲི་བྱེད་བཞིན་པ།
ཟླ་11པའི་ཚེས་13ཉིན་ནས་ཚེས20ཉིན་བར་འཇོལ་རྫོང་མངོན་མིན་རིག་གནས་ཤུལ་བཞག་ལྟེ་བའི་རྩ་འཛུགས་ཀྱི་མི་སྣ་གེ་སར་རིག་གནས་རྒྱུན་འཛིན་བྱེད་མཁན་གྱི་མི་སྣའི་ཁྱིམ་དུ་བསྐྱོད་ནས་འཚམས་འདྲི་བྱས་པ་བརྒྱུད་ཁོང་ཚོར་བོད་རིགས་ཀྱི《གླིང་སྒྲུང》གི་རྒྱུན་འཛིན་གནས་ཚུལ་དང་དེ་བཞིན་ཉེ་བའི་ལོ་ཤས་རིང་ཏང་དང་རྒྱལ་ཁབ་ཀྱིས་རིག་གནས་འདི་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པར་སྤྱད་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་འགྲེལ་བཤད་བརྒྱབ་པ་རེད།
སེམས་ཀྱི་ཉི་ཟླ་དམངས་ཁྲོད་རིག་གནས་ཕབ་བསྐྲུན་ཚན་ཆུང་གིས་སྒྲུང་བ་ཐུབ་བསྟན་ལ་བཅར་འདྲི་བྱེད་པ།
འཇོལ་རྫོང་མངོན་མིན་རིག་གནས་ཤུལ་བཞག་ལྟེ་བའི་རྩ་འཛུགས་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་ཅེས་པའི་པར་ལེན་ཚོ་ཆུང་གིས་གཞི་རིམ་དུ་བསྐྱོད་ནས་བཅར་འདྲི་བྱས་པ་བརྒྱུད་འཇོལ་རྫོང་གི་གེ་སར་དར་ཁྱབ་དང་དེ་བཞིན་སྒྱུ་རྩལ་པའི་འབྲེལ་ཡོད་གནས་ཚུལ་དྲིལ་བསྒྲགས་ཐེངས་མང་བྱས་ཡོད།
སྒྲུང་བ་ཚུལ་ཁྲིམས་ལ་ཐོབ་པའི་གཟེངས་བསྟོད་དཔང་ཡིག