ཆུ་དཀར་ཆུ་ནག་གིས་ཡུལ་སྐོར་བས་ཡིད་དབང་བཀུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཆུ་དཀར་ཆུ་ནག་གིས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་ཀྱི་དུངས་བ་རྣམ་པར་བཀུག 

    ཟླ12པའི་ཚེས11ཉིན།སེམས་ཀྱི་ཉི་ཟླ་སན་པཱ་ཤང་འབའ་སྡེ་གྲོང་སྡེའི་ཆུ་དཀར་ཆུ་ནག་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་ཞིག་མེད་མོད།འོན་ཀྱང་གནས་འདིའི་མཛེས་ལྗོངས་ཀྱིས་འདིར་ཕེབས་པའི་ཡུལ་སྐོར་བ་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ནས་ཀུན་ལ་ཁ་བྲལ་འདོད་མེད་པའི་སྤྲོ་དགའི་སྣང་བས་ཁེངས་ཡོད། རྒྱང་རིང་ནས་བལྟས་ན།སྔོ་ལྗང་རི་ཀླུང་ཁྲོད་ཀྱི་ཆུ་དཀར་ཆུ་ནག་ནི་ཐེམ་སྐས་ཀྱི་རིམ་པ་ལྟར་ཆགས་ཡོད་པས།  ཉི་འོད་ཀྱི་ཐིག་པ་འཕྲོས་པ་ན་ཡུལ་དེ་ནི་སྒྱུ་རྩལ་བ་ཞིག་གིས་བཞེངས་པའི་རྦབ་ཆུའི་སྣང་བརྙན་ཞིག་དང་གཉིས་སུ་མ་མཆིས།

    ཆུ་དཀར་ཆུ་ནག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པཱ་ཤང་འབའ་སྡེ་གྲོང་སྡེར་ཆགས་ཡོད་ཅིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བར་ལ་སྤྱི་ལེ103ཡོད།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2380ཟིན་པ་དང་།ཆུ་རྡོ་ཐལ་བྲག་ནང་བཞུར་ནས་བྱུང་བའི་རང་བྱུང་གི་སྣང་ཚུལ་ཁྱད་མཚར་བ་ཞིག་ཡིན།རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཕལ་ཆེར་3ཡོད་ལ།འབུར་ཐང་དེ་ཆགས་ནས་ལོ་ཁྲི20ནས་ཁྲི30ཟིན་པར་བཤད་པ་དང་།འབུར་ཐང་གི་མཐུག་ཚད་ལ་སྨི་214ཟིན་པ་དེ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་རྡོ་ཐལ་བྲག་གི་འབུར་ཐང་མཛེས་པོར་གྱུར་ཡོད།

    ཆུ་དཀར་ཆུ་ནག་ནི་ཡུལ་ལྗོངས་ལྟ་ན་སྡུག་པའི་ས་ཆ་ཞིག་ཡིན་པ་མ་ཟད།འཇང་རིགས་ཀྱི་སྟོན་པའི་འབྱུང་གནས་ཡིན་ལ།སྟོན་པའི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ཞིག་ཀྱང་ཡིན།