རང་ཁུལ་གྱིས་ཕྱོགས་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུ་ནུས་པ་གོང་དུ་གཏོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རང་ཁུལ་གྱིས་ཕྱོགས་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་གོང་དུ་གཏོང་བ་དང་།  ཚད་དང་མཐུན་པའི་སྨན་པ་བཀོད་སྒྲིག་བྱེད་པ།  དངོས་གནས་ཀྱིས་ཤིན་ཏུ་དབུལ་ཕོངས་ས་ཆའི་མང་ཚོགས་ཀྱི་སྨན་བཅོས་བྱེད་པའི་དམིགས་བསལ་དཀའ་ངལ་ཐག་བཅད་བྱས་པ།

    ཕྱོགས་ཡོངས་ནས་ཁུལ་དང་རྫོང་།ཤང་།གྲོང་སྡེ་བཅས་རིམ་པ་བཞིའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཚད་དང་མཐུན་པར་སྐུལ་འདེད་གཏོང་སྟེ།ཧུར་ཐག་སྒོས་གྲོང་སྡེའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་པ།ཚད་དང་མི་མཐུན་པའི་འཕྲོད་བསྟེན་ཁང་ལ་གསར་སྐྲུན་དང་རྒྱ་སྐྱེད།བསྐྱར་སྐྲུན་སོགས་བྱས་པ།ཁུལ་ཡོངས་སུ་གྲོང་སྡེའི་འཕྲོད་བསྟེན་ཁང་162ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་པ་རེད།ཧུར་ཐག་སྒོས་ཤང་གྲོང་གི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁུལ་ཡོངས་ཀྱི་ཚན་ཁག་བཀོད་སྒྲིག་དང་སྒྲིག་ཆས་བཀོད་སྒྲིགསྨན་པ་བཀོད་སྒྲིག་སོགས་ཚད་དང་མི་མཐུན་པའི་འཕྲོད་བསྟེན་ཁང་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་ཤང་གྲོང་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེར་བཏང་ནས་ཁུལ་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་29ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་པ་རེད།  ཧུར་ཐག་སྒོས་འཇོལ་རྫོང་དང་འབའ་ལུང་རྫོང་སྨན་ཁང་རིམ་པ་གཉིས་པའི་ཀ་པའི་སྨན་ཁང་གི་ཚད་གཞི་ལོན་པའི་ལས་ཀར་སྐུལ་འདེད་གཏོང་བ།སྨན་ཁང་དེ་གཉིས་པོའི་རྨང་གཞིའི་སྒྲིག་བཀོད་དང་ཆེད་སྦྱོང་ཚན་ཁག་གི་ནུས་པ། ཤེས་ལྡན་མི་སྣའི་རུ་ཁག་སོགས་ལ་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་བ།མིག་སྔར་སྨན་ཁང་དེ་གཉིས་པོ་ལ་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་སྦྱོང་ཚན་ཁག་གསུམ་རེ་འཛུགས་སྐྲུན་བྱས་ཡོད་པ་རེད།

    ཤང་གྲོང་གི་སྨན་པའི་རུ་ཁག་དོ་དམ་བྱེད་ཤུགས་ཆེར་གཏོང་བ། ཤང་གྲོང་གི་སྨན་པའི་ཐོབ་ཐང་མི་རེར་ཟླ་རེར་སྒོར་1100མཐོ་རུ་གཏོང་བ།  སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་གྲོན་དངུལ་སྐྱིན་གསབ་དང་གཞི་རྩའི་སྨན་རྫས་ཀྱི་སྐྱིན་གསབ་སོགས་ཀྱི་གྲོན་དངུལ་གནས་སུ་འབྱོར་བ།  གྲོང་སྡེ་སྨན་པའི་ཉེན་འགོག་ལྔ་དང་ཕྱིར་འཐེན་སྐྱིན་གསབ་རྐྱེན་སྲོལ་གནས་སུ་འབྱོར་ནས་ཤང་གྲོང་སྨན་པ་རུ་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་བ་དང་བརྟན་པོར་གཏོང་བ།

    ཚན་ཁག་ཡོངས་ཀྱི་སྨན་པའི་གསོ་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེར་གཏོང་བ། མིག་སྔར་ཁུལ་ཡོངས་སུ་ཐོ་འགོད་པའི་ཚན་ཁག་ཡོངས་ཀྱི་སྨན་པ་116ཡོད་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་ཁྲི་ལ་ཚན་ཁག་ཡོངས་ཀྱི་སྨན་པ་2.83ཡོད་དེ་གཞི་རྩའི་ཆ་ནས་ཤང་གྲོང་འཕྲོད་བསྟེན་ཁང་རེར་ཚན་ཁག་ཡོངས་ཀྱི་སྨན་པ་1ཡན་བཀོད་སྒྲིག་བྱེད་པར་མངོན་འགྱུར་བྱུང་བ། རྒྱུན་མཐུད་དུ་གྲོང་གསེབ་ཀྱི་སློབ་ཡོན་མི་དགོས་པའི་མངགས་ཐོའི་ཁ་ཕྱོགས་གཏན་འཁེལ་གྱི་གསོ་རིག་སློབ་མ་གསོ་སྐྱོང་བྱས་ཏེ། 2010ལོ་ནས་ད་བར་དུ་གྲོང་གསེབ་ཀྱི་སློབ་ཡོན་མི་དགོས་པའི་མངགས་ཐོའི་ཁ་ཕྱོགས་གཏན་འཁེལ་གྱི་གསོ་རིག་སློབ་མ་232གསོ་སྐྱོང་བྱས་ཡོད་པ་རེད།

    ཁུལ་དང་རྫོང་སྨན་ཁང་གི་ཆེད་སྦྱོང་ཚན་ཁག་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་བ།  ཁུལ་སྨན་ཁང་དུ་ཡོན་ཧྲི་བྱ་བའི་ས་ཚིགས་1དང་ཞིང་ཆེན་རིམ་པའི་ཆེད་མཁས་པའི་གཞི་རིམ་བྱ་བའི་ས་ཚིགས་4  ཞིང་ཆེན་རིམ་པའི་ནད་ཐོག་གཙོ་གནད་ཆེད་སྦྱོང་ཚན་ཁག་7བཙུགས་ཡོད་པ་དང་།  ཁུལ་བོད་སྨན་ཁང་དུ་ཞིང་ཆེན་རིམ་པའི་ནད་ཐོག་གཙོ་གནད་ཆེད་སྦྱོང་ཚན་ཁག་1དང་ཆེད་ནད་ཚན་ཁག་1བཙུགས་ཡོད།ཧུར་ཐག་སྒོས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་སྤེལ་བ།ཧྲང་ཧའེ་དང་ཞིང་ཆེན་རིམ་པའི་སྨན་ཁང་། ཁུན་མིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་སྨན་བཅོས་རུ་ཁག་གི་མཛུབ་སྟོན་འོག  ཁུལ་སྨན་ཁང་དང་ཁུལ་བོད་སྨན་ཁང།དེ་མིན་རྫོང་རིམ་པའི་སྨན་ཁང་གཉིས་ཀྱིས་ཧུར་ཐག་ངང་སྙིང་གི་པྲོག་རྩ་གསོ་བཅོས་དང་འཕར་འགོ་ཆས་འཛུགས་འཇུག  ལྷན་སྐྱེས་སྙིང་ནད་ཀྱི་བཀག་སྡོམ་ནང་ཞུགས།རྨ་ཕྲན་གཤག་ཐབས་སྣ་ཚོགས་སོགས་ཀྱི་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་སྤེལ་ནས།  ཁུལ་ནང་ཁོངས་ཀྱི་ལོ་10་རིང་གི་ལག་རྩལ་སྟོང་ཆ་གསབ་པ་དང་རྫོང་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་ཞབས་ཞུ་ནུས་པ་སྔར་ལས་ལྷག་པར་མཐོ་རུ་གཏོང་བ་རེད།