རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་12པའི་ཚེས་10ཉིན། 2019ལོའི་ཞིང་ལས་+མགྲོན་ཁང་གི་ཆེད་དམིགས་སྦྲེལ་མཐུད་ཚོགས་འདུ་དེ་བདེ་ཆེན་ཁུལ་ན་གཞོན་ལས་གཏོད་ལས་ཞུགས་མཛུབ་སྟོན་ལྟེ་གནས་སུ་བསྡུས།
ཐེངས་འདིའི་གསོ་སྦྱོང་ལ་ཞིང་ལས་+མགྲོན་ཁང་རྣམ་གྲངས་གི་ལམ་འཁྲབ་དང་མ་དངུལ་འཇོག་འདུའི་ཆེད་དམིགས་སྦྲེལ་མཐུད་སྤེལ་རེས་ཚོགས་འདུ་དང་། དེ་མིན་རྒྱལ་ནང་གི་སྐད་གྲགས་ཆེ་བའི་དགེ་རྒན་ཁག་ཅིག་གིས་གཙོ་གནད་དུ་ཞིང་ལས་དང་མགྲོན་ཁང་ལ་དམིགས་ནས་ཆེད་དོན་གསོ་སྦྱོང་སོགས་ཀྱི་ནང་དོན་ཡོད་ལ། བྱེད་སྒོ་འདི་ནི་བདེ་ཆེན་ཁུལ་གྱི་དགེ་མཚན་ཐོན་ཁུངས་དང་མིག་སྔའི་བདེ་ཆེན་ཁུལ་གྱི་ན་གཞོན་ཚོའི་ལས་གཏོད་ལས་ཞུགས་ཀྱི་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས་སྤེལ་བའི་ལས་གཏོད་རྣམ་གྲངས་ཀྱི་མ་དངུལ་འཇོག་འདུ་ཆེད་དམིགས་སྦྲེལ་མཐུད་སྤེལ་རེས་ཚོགས་འདུ་ཡིན་པ་མ་ཟད། དེ་མིན་འབར་གས་ཀྱི་ཞིང་ལས་ཐོན་རྫས་ཚོང་གཉེར་བྱེད་པའི་ཐབས་མཆོག་དང་། མགྲོན་ཁང་བདག་གཉེར་དང་ཁྱབ་སྤེལ་ལག་བསྟར་བྱེད་ཐབས། ཞིང་ལས་ཁེ་ལས་ཀྱི་དྲ་ཐོག་ཚོང་གཉེར་བྱེད་ཐབས་སོགས་ཀྱི་ནང་དོན་གསོ་སྦྱོང་བྱས་ནས། རང་ཁུལ་གྱི་ན་གཞོན་ཚོའི་ལས་གཏོད་ལམ་བུའི་ཐོག་ཁ་ཕྱོགས་གསལ་པོ་སྟོན་པ་དང་དགོས་མཁོའི་ལས་གཏོད་ཤེས་བྱ་རྒྱུས་ལོན་པར་རོགས་རམ་བྱས་པ་རེད།
གསོ་སྦྱོང་བྱས་རྗེས། རང་ཁུལ་གྱི་ལས་གཏོད་ན་གཞོན་ཚོས་ལས་གཏོད་བྱེད་ཐབས་མང་པོ་ཤེས་ཡོད་པ་དང་རང་གི་རྗེས་མའི་ལས་གཏོད་ལམ་བུ་ལ་ཕན་པ་ཆེན་པོ་ཐོབ་ཡོད་ཞེས་བསྟན་ཡོད།