རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྲུང་སྐྱོང་གཙོ་བོར་བྱེད་པ་དང་མྱུར་སྐྱོབ་ཨང་དང་པོར་བཞག་པ། ཚད་དང་མཐུན་པའི་སྒོས་བེད་སྤྱོད་བྱས་པ། རྒྱུད་འཛིན་དར་སྤེལ་བྱེད་པ་ཞེས་པའི་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དྲིལ་བསྒྲགས་འོས་སྦྱོར་དང་རྣམ་གྲངས་སྙན་འབུལ། རྒྱུད་འཛིན་པའི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་བ་སོགས་བྱས་ནས་དངོས་གནས་ཀྱིས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་ཀ་གནས་སུ་འབྱོར་བར་ཁག་ཐེག་བྱས་པ་རེད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུད་འཛིན་ལས་ཀར་ཕན་འབྲས་དངོས་ཐོབ་ཡོད་དེ། གྲོང་ཁྱེར་ཡོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་མ་ལག་རིམ་བཞིན་འཐུས་ཚང་བྱུང་བ་དང་། དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པའི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། མང་ཚོགས་ཀྱིས་དངོས་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་འདུ་ཤེས་རྒྱུན་མི་ཆད་པར་དྲག་པོར་གྱུར་ཡོད། མིག་སྔའི་བར་དུ། རང་གྲོང་ཁྱེར་ལ་རིམ་པ་ཁག་དང་རིགས་སོ་སོའི་དངོས་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་70ཡོད་པ་དང་། དེའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་རྣམ་གྲངས་2དང་ཞིང་ཆེན་རིམ་པའི་རྣམ་གྲངས་7ཡོད། རྣམ་གྲངས་དེ་ཚོར་སྟོངས་ལ་ཉེ་བའི་སྐད་དང་ཡི་གེ་དང་སྲོལ་རྒྱུན་མཛེས་རྩལ། སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་བཟོ་རྩལ་སོགས་རིགས་9འདུས་ཡོད། རིམ་པ་ཁག་གི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་128ཡོད་པ་དང་། དེའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་མི་2དང་ཞིང་ཆེན་རིམ་པའི་མི་27ཡོད་པ་རེད། དེའི་དུས་མཚུངས་སུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་ཐོ་ཞེས་པ་པར་དུ་བསྐྲུན་བ་དང་། སྲུང་སྐྱོང་ལས་ཁུངས་དང་རྒྱུད་འཛིན་པའི་འགན་འཁྲི་དང་འབྲེལ་ཡོད་ལས་ཀའི་ལམ་ལུགས་གསལ་པོར་གཏན་འབེབས་བྱས་ཏེ། སྔར་ལས་ལྷག་པར་གྲོང་ཁྱེར་ཡོངས་ཀྱིས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་རེད།