རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
བདེ་ཆེན་ཁུལ་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་དོན། མིག་སྔའི་བར་དུ། བདེ་ཆེན་ཁུལ་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་6གིས་རིམ་བསགས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་28.048འཇོག་པའི་ལས་འགན་ཡོངས་འགྲུབ་བྱས་ཡོད་པ་དང་། དེའི་ཁྲོད་ད་ལོའི་ཟླ་1པོ་ནས་ཟླ་11པའི་ཟླ་མཇུག་གི་བར་དུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་21.67འཇོག་པའི་ལས་འགན་ཡོངས་འགྲུབ་བྱས་ཡོད། མིག་སྔར་འཛུགས་སྐྲུན་བྱེད་བཞིན་པའི་གཞུང་ལམ་6ལ་སྒྲུབ་འགན་སྤྲོད་ལེན་གྱི་ལས་ཀ་ཡོངས་འགྲུབ་བྱས་ཡོད་པ་དང་། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་ལས་གྲྭའི་ཡུལ་དངོས་སུ་སླེབས་ཟིན་ཏེ་བཅའ་སྡོད་བྱ་ཡུལ་འཛུགས་སྐྲུན་དང་ཨར་ལས་བསྐྱར་འཇལ་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད་ལ། འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་དོན། བདེ་ཆེན་ཁུལ་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའུ་ཡིས་སྐྲུན་འགན་ཁུར་བའི་སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླའི་ལྕོག་རིག་ཐང་བར་གྱི་གཞུང་ལམ་དང་། སེམས་ཀྱི་ཉི་ཟླའི་ལྕོག་རི་ཐང་ནས་བར་གྱི་གཞུང་ལམ། སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་གཞུང་ལམ་ལས་ཡུལ་གསུམ་ནས་ཚང་རྒྱབ་བར་གྱི་ལམ་བུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་སྐོར་གཞུང་ལམ། འབའ་ལུང་ནས་ཅུས་ཏན་བར་གྱི་གཞུང་ལམ། རྫ་ཆུའི་ནུབ་ཕྱོགས་གཞུང་ལམ་བཅས་ལམ་6ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཏན་འབེབས་བྱེད་པའི་ལོ་ལྔ་ཚན་བཅུ་གསུམ་པའི་འགྲིམ་འགྲུལ་གཙོ་གནད་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ཡིན། གཞུང་ལམ་དེ་6གི་སྤྱིའི་འཛུགས་སྐྲུན་རིང་ཚད་སྤྱི་ལེ་627.6ཡོད་པ་དང་རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་160ལྷག་འཇོག་པ། གཞུང་ལམ་དེ་6འཛུགས་སྐྲུན་བྱེད་ན་བདེ་ཆེན་གྱི་སྤྱི་ཚོགས་དཔལ་འབྱོར་དར་འཕེལ་ལ་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་དར་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།