བོད་ཀྱི་རྒྱན་གོས་བཟོས་ནས་ཚོང་ལམ་གཏོད་པའི་ཁྲུན་ཧྭ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཁྲུན་ཧྭ་ཡིས་བཟོ་བར་ལག་རྩལ་སློབ་སྟོན་བྱེད་བཞིན་པ།(གཡས།)

    རྒྱན་གོས་ནི་ལུས་ལ་བྲིས་ཡོད་པའི་ལོ་རྒྱུས་ཡིན་ལ། བོད་ཀྱི་རྒྱན་གོས་ནི་རྒྱས་སྤྲས་ཀྱིས་ཁྱད་ཆོས་གཙོ་བོ་བྱས་པ་ཞིག་ཡིན་པས་རྒྱན་གོས་ཁྲོད་ཀྱི་གཅེས་ནོར་ཞིག་ཏུ་རྩིས་ཆོག བོད་རིགས་ཀྱི་རྒྱན་གོས་སྤུས་དག་ཅིང་ཞིབ་ཆ་ལྡན་ལ། བདེ་ཆེན་ས་གནས་ཀྱི་བོད་རིགས་སྲོལ་རྒྱུན་རྒྱན་གོས་སྣ་མང་ཕུན་སུམ་ཚོགས་ཤིང་། སོ་སོར་མངོན་གསལ་གྱི་ཁྱད་ཆོས་ལྡན་པ་མ་ཟད། བཟོ་རྩལ་ལ་ཡང་དོ་སྣང་ཆེན་པོ་བྱ་དགོས།

     འཇོལ་རྫོང་བསམ་གྲུབ་མི་རིགས་རྒྱན་གོས་གསར་སྤེལ་ཚད་ཡོད་ཀུང་སིའི་གསར་གཏོད་པ་དང་ཁྲིམས་མིའི་འཐུས་མི་ཁྲུན་ཧྭ་ཡིས་བོད་ཀྱི་རྒྱན་གོས་ལག་རྩལ་བའི་ལམ་འདི་བདམས་པ་ན། ངེས་པར་དུ་ཚད་ལྡན་དང་ཁྱད་ཆོས་ལྡན་པ་ཞིག་བྱས་ནས་ཡུལ་མི་ཚོའི་རེ་བ་སྟོང་ཟད་དུ་མི་གཏོང་ཞེས་བཤད།

བཟོ་གྲྭའི་ནང་ལོག་གི་རྣམ་པ།

བཟོ་བ་ཕུན་ཚོགས་སྒྲོལ་མས་བཟོ་བྱེད་བཞིན་པ།

     བོད་རིགས་ཀྱི་རྒྱན་གོས་གཉེར་སྐྱོང་བྱས་རྗེས་ཁྲུན་ཧྭ་ཡིས་བོད་རིགས་ཀྱི་རྒྱན་གོས་ཐོན་སྐྱེད་ཀུང་སི་ཉུང་བ་དང་། ཚོང་ཟོག་ནང་འདྲེན་གྱི་ལམ་བུ་དོག་པས་དུས་རྒྱུན་རྒྱུ་ཆའི་སྤུས་ཀ་མི་བཟང་བ་མ་ཟད། རིན་གོང་མཐོ་བའི་གནས་ཚུལ་མཐོང་ཏེ། 2015ལོར་རྒྱན་གོས་བཟོ་ཚོང་ཁང་དེ་ཐོན་སྐྱེད་དང་ཕྱིར་ཚོང་གཞི་གཅིག་ཏུ་འདུས་པའི་ཀུང་སིར་བསྒྱུར་བ་ལེགས་འགྲུབ་བྱུང་ལ། 2017ལོའི་ཟླ་5པར་རྒྱན་གོས་ཚོང་ཁང་དེ་ཁེར་རྐྱང་དུད་ཚང་གིས་དངོས་སུ་ཐོ་འགོད་བྱས་པ་ནས་ཀུང་སིའི་རྣམ་པར་གྱུར་པ་མ་ཟད།ཐོན་སྐྱེད་ཁང་མིག་བཙུགས་པ་རེད། དེ་དང་ཆབས་ཐོན་སྐྱེད་ཁང་མིག་ནང་སྔོན་ཐོན་གྱི་ཉལ་ཁྲི་དང་གོས་འབྱར་འཕྲུལ་འཁོར་སོགས་རང་འགུལ་ཅན་གྱི་སྒྲིག་ཆས་ནང་འདྲེན་བྱས་ལ།སྒྲིག་ཆས་དེ་དག་གིས་ཀུང་སིའི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་ཐོན་རྫས་ཀྱི་སྤུས་ཚད་དེ་བས་མཐོ་རུ་ཕྱིན་ནས་རང་འགུལ་ཅན་གྱི་སྒྲིག་ཆས་བེད་སྤྱོད་བྱས་པ་བརྒྱུད་ཐོན་རྫས་ཀྱི་གཅིག་མཐུན་རང་བཞིན་མཐོ་རུ་བཏང་བ་མ་ཟད།ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་ཐུབ་པས་སྲོལ་རྒྱུན་བཟོ་རྩལ་གྱི་དག་ཆ་མེད་པའི་གནས་ཚུལ་ཐག་གཅོད་བྱས་པ་རེད།སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་ནས་སྲོལ་རྒྱུན་ལས་མཐོ་བསྒལ་གྱིས་གསར་གཏོད་བྱེད་རྒྱུན་ལམ་ཁྲོད་ཁྲུན་ཧྭ་ཡི་རྒྱན་གོས་ཀུང་སི་རིམ་བཞིན་དྲང་ལམ་དུ་སྐྱོད་བཞིན་ཡོད་པ་དང་འཇོལ་རྫོང་གི་ཤང་སོ་སོའི་སློབ་ལྭ་བཟོས་པ་མ་ཟད་འབའ་ལུང་དང་ཁུན་མིང་སོགས་ས་ཆའི་ཉོ་མཁན་ཡང་ཡོད་པ་རེད།

ས་གནས་བཟོ་བས་བོད་ཀྱི་རྒྱུན་གོས་བཟོ་བཞིན་པ།

    ད་ཆ་ཀུང་སིར་ས་གནས་དེ་གའི་ལས་བཟོ་བ32(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་11ཚུད་ཡོད)ཡོད་ལ།ཀུང་སིས་གཞི་ཁྱོན་ཆེ་རུ་བཏང་རྗེས་ད་ཡོད་ཀྱི་རྨང་གཞིའི་ཐོག་སླར་ཡང་ལས་གནས་15མང་དུ་བཏང་ནས་གྲོང་ཚོ་དེ་གའི་ཞིང་དུད་ལ་སྤྲད་དེ་ཞིང་དུད་ཀྱི་ལག་རྩལ་སྣ་གཅིག་གསོ་སྦྱོང་བྱེད་པ་དང་དུས་མཚུངས་ཞིང་དུད་ཀྱི་ཡོང་འབབ་སྔར་བས་འཕར་བར་བྱས་པ་རེད།

    ཁྲུན་ཧྭ་ཡིས་འཇོལ་རྫོང་བསམ་འགྲུབ་བོད་ཀྱི་རྒྱན་གོས་བཟོ་གྲྭས་སྤུས་ཚད་ལེགས་པོ་དང་ཚད་མཐོའི་ཐོན་སྐྱེད་བཟོ་རྩལ་ལ་བརྟེན་ནས་རྒྱན་གོས་ཐོན་ལས་ཀྱི་བཟོ་རྩལ་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། བདེ་ཆེན་མི་རིགས་ཀྱི་གྱོན་ཆས་དང་རྒྱན་གོས་ལས་རིགས་ཕྱིར་སྐྱོད་ཐུབ་པ་བྱས་ནས་མི་མང་བོར་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བཏོན་པ་རེད།