བོད་ལྗོངས་ཀྱི་ས་ཁོངས་ཧྲིལ་བོར་དབུལ་ཐར་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-24   རྩོམ་ཁུངས།    ཀྲུང་གོ་གསར་འགྱུར་དྲ་བ།

 1.jpg

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་རོང་དམར་ས་མཐོའི་སྐྱེ་ཁམས་གནས་སྤོའི་དཔེ་སྟོན་ས་ཚིགས།

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ12པའི་ཚེས23ཉིན་བོད་ལྗོངས་གཞུང་ཕྱོགས་སྨྱན་སྦྱོར་གྱིས་བོད་ལྗོངས་ཀྱིས་རྩ་བ་ནས་དབུལ་ཕོངས་སེལ་ཏེ་ས་ཁོངས་ཧྲིལ་བོ་དབུལ་ཐར་བྱུང་བའི་གནས་ཚུལ་སྤེལ་བ་རེད།   གནས་ཚུལ་སྤེལ་བ་ལྟར་ན་ཉིན་དེར་བོད་རང་སྐྱོང་ལྗོངས་དབུལ་ཐར་མཁྲེགས་གཏོར་བཀོད་འདོམས་པུའུ་ཡིས《བོད་རང་སྐྱོང་ལྗོངས་ཀྱི་དབུལ་ཐར་མཁྲེགས་གཏོར་པུའུ་ཡི2019ལོའི་རྫོང(ཆུས)19ལ་དབུལ་ཐར་བྱུང་བའི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། “2019ལོའི་ཟླ12པའི་ཚེས9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། གཞིས་ཀ་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་དང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་། ས་དགའ་རྫོང་། ལྷ་རྩེ་རྫོང་། རྣམ་གླིང་རྫོང་། ཆབ་མདོ་གྲོང་ཁྱེར་གྱི་དཔའ་ཤོད་རྫོང་དང་། མཛོ་སྒང་རྫོང་། སྨར་ཁམས་རྫོང་། གོ་འཇོ་རྫོང་། བྲག་གཡབ་རྫོང་། ནག་ཆུ་གྲོང་ཁྱེར་གྱི་སེ་ནེ་ཆུས་དང་། སྦྲ་ཆེན་རྫོང་། ཉི་མ་རྫོང་། མཚོ་གཉིས་རྫོང་། ཤན་རྩ་རྫོང་བཅས་དང་། མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་། དགེ་རྒྱས་རྫོང་བཅས་ཁྱོན་རྫོང(ཆུས)19དབུལ་ཐར་བྱུང་བའི་ཆོག་མཆན་བཀོད། 

        དེའི་སྔོན་བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)གཞན55ལ་དབུལ་ཐར་བྱུང་བ་དེས་བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74ཚང་མས་དབུལ་ཐར་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་མཚོན། 

        རང་བྱུང་ཆ་རྐྱེན་དང་ལོ་རྒྱུས་རྒྱུ་རྐྱེན་གྱི་དབང་གིས་བོད་ལྗོངས་ནི་ཀྲུང་གོའི་དབུལ་ཕོངས་ཐོན་ཚད་ཆེས་མཐོ་ཤོས་དང་། དབུལ་ཕོངས་ཚད་གཞི་ཆེས་ཟབ་ཤོས། དབུལ་སྐྱོར་མ་གནས་ཆེས་མཐོ་བ། དབུལ་ཐར་དཀའ་གནད་ཆེ་ཤོས་བཅས་ཀྱི་ས་ཁོངས་ཤིག་ཡིན་པས། ཀྲུང་གོའི“ཆུས་གསུམ་དང་ཁུལ་གསུམ”ཁྲོད་ཀྱི་ཞིང་ཆེན་རིམ་པའི་ཤིན་ཏུ་དབུལ་བའི་ས་ཁུལ་འབའ་ཞིག་ཡིན་ལ།  2015ལོའི་ལོ་མཇུག་བར་དུ་བོད་ལྗོངས་སུ་དབུལ་ཕོངས་ཐོན་ཚད25.32%ཟིན་པ་རེད།

 2016ལོར་བོད་ལྗོངས་ཀྱི་དབུལ་ཕོངས་རྫོང་དང་ཆུས5སྔོན་ལ་དབུལ་ཐར་བྱུང་བ་དང་། 2017ལོར་བོད་ལྗོངས་ཀྱི་རྫོང་དང་ཆུས25ལ་དབུལ་ཐར་བྱུང་། 2018ལོར་རྫོང་དང་ཆུས25དབུལ་ཐར་བྱུང་། 2019ལོར་བོད་ལྗོངས་ཀྱི་ཆེས་མཐའ་མཇུག་གི་རྫོང་དང་ཆུས19ལ་རྩ་བ་ནས་དབུལ་ཐར་བྱུང་། །