ནམ་དུས་འདིར་ན་མི་འདོད་ན་གོམས་གཤིས་འདི་དག་འཇཊ་པར་གྱིས་དང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-02   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རྒྱང་སྒྲོག

 ནམ་དུས་ད་ལྟ་ནད་གཞི་ཆེ་ཆུང་གང་གིས་ཀྱང་ཁྱེད་ལ་ཉེ་བཅར་བྱེད་པའི་དུས་ཡིན་པས། རྣམ་ཀུན་ནས་ལུས་པོ་གསོ་བ་དང་གོམས་གཤིས་ཡག་པོ་ཞིག་འཇགས་པ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། ། 

བཟའ་མི་རུང་བ་3


    གཅིག  ཟས་རིགས་གྲང་མོ་དང་རྗེན་པ་བཟའ་མི་རུང་། 

    ཟས་རིགས་གྲང་མོ་དང་རྗེན་པས་གཟུགས་པོའི་དྲོད་ཤོར་བ་མ་ཟད། འཇུ་བྱེད་མ་ལག་ལའང་གནོད་པ་ཆེན་པོ་སྐྱེལ་གྱི་ཡོད་པས། རྣམ་ཀུན་ནས་བཟའ་བཅའ་གྲང་མོ་ཉུང་ཙམ་མཆོད་དགོས། དཔེར་ན། བཏུང་བྱ་དང་སྦི་རག་གྲང་མོ་མཆོད་ན། ཕོ་རྒྱུར་ཟུག་གཟེར་བསླངས་ནས། གཟུགས་པོའི་ཚ་དྲོད་ཉམས་ཀྱི་ཡོད། ལྷག་པར་དུ། ཕོ་དྲོད་ཉམས་པའི་མིས་ཤིས་ཀྭ་མཆོད་ཚེ། ཕོ་མཚེར་ལ་གནོད་པ་ཆེན་པོ་བཟོ་ཡི་ཡོད། 


    གཉིས། ཁ་ཚ་བའི་རིགས་བཟའ་མི་རུང་། 

    ད་ལྟའི་དུས་སྐབས་ལ་བསྲེགས་ཟས་དང་། སུར་པན། ལྒ་མུག གཡེར་མ་སོགས་ཁ་ཚའི་ཟ་རིགས་ཉུང་ཙམ་མཆོད་ན་ཡག་པོ་ཡོད། 


    གསུམ། ཞག་ཚིལ་ཉུང་ཙམ་མཆོད་དགོས། 

    གནམ་གཤིས་གྲང་དུ་སོང་བས། གཟུགས་པོར་དྲོད་སྐྱེ་ཆེད། མི་མང་ཆེ་བ་ཤ་དང་ཚིལ་ལ་དགའ་པོ་ཡོད་མོད། འོན་ཏེ་ཞག་ཚིལ་མཆོད་དྲགས་ཚེ་གཟུགས་པོ་རིམ་བཞིན་མི་བདེ་བ་ཡོང་རྒྱུ་སྨོས་མེད་རེད། 


བྱ་མི་རུང་བ་4


    གཅིག ཆུ་གྲང་མོས་གཟུགས་པོ་འཁྲུ་མི་རུང་། 

    ཆུ་གྲང་མོས་གཟུགས་པོ་བཀྲུས་ཚེ་ཆམས་པ་འགོག་ཐུབ་པ་སོགས་ཀྱི་དགེ་མཚན་མང་པོ་ལྡན་རུང་། ལུས་སྦྱོང་བྱས་མ་ཐག་གཟུགས་པོ་བཀྲུས་ན་བ་སྤུའི་བུ་ག་ཆུང་དུ་འགྲོ་བ་དང་ཆབས་ཅིག ཚ་དྲོད་ལུས་པོར་སིམ་ནས་གོ་ན་བ་དང་མགོ་ཡུ་འཁོར་བ་སོགས་ཡོང་གི་ཡོད། ལྷག་དོན་དུ། ཁྲག་ཤེད་མཐོ་བའི་མིས་ཆུ་གྲང་མོས་གཟུགས་པོ་བཀྲུས་ཚེ། ཀླད་ཁྲག་འདྲེས་ཉེན་ཆེ་བ་སོགས་ཀྱི་གནོད་པ་མང་། 


    གཉིས། ལུས་སྦྱོང་ཐལ་དྲགས་རྒྱུ་མེད་པ། 

    ལས་གང་ཞིག་བྱས་རུང་ཐལ་དྲགས་རྒྱུ་མེད་པ་ཇི་བཞིན། ལུས་སྦྱོང་ཡང་ཚད་རན་པོ་ཞིག་བྱེད་དགོས། 


    གསུམ། མཚན་འཁྱོངས་བྱ་མི་རུང་། 

    ཞོགས་སྔ་ལངས་དང་དགོང་སྔ་ཉལ་བྱེད་དགོས་པ་མ་ཟད། མཚན་མོ་ངལ་ཡག་པོ་གསོ་དགོས་ཤིང་། ཉིན་ལྟར་གཉིད་འདང་ངེས་ཤིག་ཁུག་ཚེ་གཟུགས་པོའི་བདེ་ཐང་ལ་ཕན་པ་ཡོད་པ་ལས་སྤྱིར་གནོད་པ་མེད། 



    བཞི། སེམས་ཁྲལ་བྱས་དྲགས་རྒྱུ་མེད་པ། 

    སེམས་ཁྲལ་ཆེ་ལ་རྟག་ཏུ་རླུང་བསྟན་དྲགས་ན། གཟུགས་པོར་གནོད་པ་ཧ་ཅང་ཆེ་བས། ང་ཚོས་བློ་བག་ཡངས་པོའི་སྒོ་ནས་ལས་དོན་བསྒྲུབས་ཚེ། སྤྱིར་ན་ལས་ཆོད་དེ་བས་ཆེ་བ་ཡོང་གི་ཡོད། 


འགྲོགས་དགོས་པ་5


    གཅིག ཇ་ཚད་རན་པོ་འཐུང་དགོས་པ། 

    ཇ་འཐུང་བ་ནི་མི་རིགས་མང་ཆེའི་གོམས་གཤིས་ཤིག་རེད་ལ། དེའང་ལུས་པོ་གསོ་སྟངས་ཤིག་རེད། ཞལ་ལག་མཆོད་པའི་བར་གསེང་དུ་ཇ་བཏུངས་ཚེ་སེམས་པ་སྐྱིད་དུ་འགྲོ་བ་མ་ཟད། འཐུང་ཚོད་རན་པོ་བྱུང་ན་ལུས་པོའང་གསོ་ཐུབ།     

    ཇ་མི་འདྲ་བར་ལུས་པོ་གསོ་བའི་ནུས་པའང་འདྲ་གི་མེད། 


    གཉིས། ལུས་སྦྱོང་རན་པོ་བྱེད་དགོས་པ། 

    མིའི་ཚེ་སྲོག་འགུལ་སྐྱོད་ལ་རག་ལས་ཡོད་ཅེས་པའི་དཔེ་ལྟར། ལུས་སྦྱོང་གིས་ང་ཚོར་བདེ་ཐང་གི་ལུས་པོ་ཞིག་སྦྱིན་ཐུབ། 


    གསུམ། རྣམ་ཀུན་གད་མོ་མང་ཙམ་དགོད་དགོས་པ། 

    ཞིབ་འཇུག་ཞིག་ལས་མངོན་དོན། སྣང་བ་སྐྱིད་པའི་མི་དེ་རྟག་ཏུ་སྐྱོ་སྣང་གིས་རྡུང་བའི་མི་ལས་ལོ་12ཀྱིས་ཚེ་རིང་བ་ཡོད། དེར་བརྟེན་དུས་རྒྱུན་དུ་བག་ཡངས་དང་སེམས་པ་སྐྱིད་པོ་བྱས་ནས་སྡོད་པ་ནི་གལ་ཆེའོ། །


    བཞི། གྲོགས་པོ་དང་མང་ཙམ་གཤིབ་དགོས་པ། 

    དུས་རྟག་ཏུ་གྲོགས་པོ་དང་འཛོམས་ནས་ཅི་འགྲོས་མོལ་འགྲོས་མང་ཙམ་བྱས་ཚེ། སེམས་གུ་ཡངས་པོ་དང་སྐྱིད་པོ་ཡོང་བར་ཕན་ཐོགས་ཆེ།     ཚན་རིག་གི་ཞིབ་འཇུག་ལས་གྲོགས་པོ་བསྒྲིགས་ན། མི་ཚེ་རིང་དུ་འགྲོ་སྲིད་པའི་ར་སྤྲོད་བྱས་འདུག གང་ལགས་ཞེ་ན། རང་ཉིད་ལ་དཀའ་ངལ་འཕྲད་སྐབས་གྲོགས་པོའི་རོགས་རམ་དང་ཐུགས་ཁུར་གྱིས་ལུས་སེམས་གཉིས་ཀའི་ཁུར་པོ་ཡང་དུ་འགྲོ་ཡི་ཡོད་པས་རེད།


    ལྔ། དཔེ་དེབ་མང་ཙམ་ལྟ་དགོས་པ། 

    དཔེ་དེབ་ནི་བསམ་པའི་རྒྱགས་ཕྱེ་ཡིན་པས། དེབ་ཡག་པོ་ཞིག་བལྟས་ཚེ་མི་ཚེ་གང་པོར་ཕན་པ་འཐོབ་སྲིད། དཔེ་ཀློག་གིས་ལུས་སེམས་གཉིས་ཀར་སྤྲོ་སྣང་འཕེལ་ཐུབ་པ་མ་ཟད། ལྟ་རྒྱ་དང་མཐོང་རྒྱ་ཡང་སྔར་བས་ཆེ་རུ་འགྲོ་སྲིད།