རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-07   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།
ཁྲག་ཤེད་ཇེ་དམའ་གཏོང་བྱེད་ཀྱི་སྨན་ཀལ་རྡུལ་གྱེས་འགོག་སྨན་(钙离子拮抗剂)སྟེ་ཟེ་པན་དི་ཕན(硝苯地平)། ལའོ་ཧའོ་ཞི(络活喜(英文商品名为Norvasc,苯磺酸氨氯地平片))གཉིས་རྒྱུན་དུ་བསྟེན་ན་མིག་དབང་ཇེ་ཞན་དང་། ཟུག་གཟེར་ལངས་པ། མིག་སྐྱིར་ཁྲག་རྒྱས་པ་སོགས་བྱེད།ཁྲག་ཤེད་ཇེ་དམའ་གཏང་བྱེད་ཀྱི་ཁྲག་རྩ་གྲམ་འཁུམ་རྒྱུ་འགོག་སྨན་སྟེ། ལུ་ཧྲ་ཐན་(氯沙坦)དང་། ཐེ་མི་ཧྲ་ཐན(替米沙坦)། ལི་མི་ཕུ་ལ(雷米普利)། ཐེ་ལ་ཙའོ་ཆིན(特拉唑嗪)།བཅས་རྒྱུན་དུ་བསྟེན་ན་མིག་དངོས་རབ་རུབ་དང་། མིག་སྐ་ཞིང་ཚ་སློང་བ། མིག་སྐྱར་ཁྲག་རྒྱས་པ་ལ་སོགས་བྱེད།
སྙིང་སྨན་གྱི་རིགས་སུ། (单硝酸异山梨酯胶囊) དང་། (单硝酸异山梨酯缓释片) (硝酸甘油) སོགས་རྒྱུན་དུ་བསྟེན་ན་སྔོ་གྲིབ་འབྱུང་སླ་ཞིང་། ལྷག་པར་སྔོ་གྲིབ་ཀྱི་ནད་ཡོད་མཁན་ལ་དེ་ལས་ཀྱང་གཟབ་དགོས། མི་བསྟེན་ཐབས་མེད་དུ་གྱུར་དུས་ཀྱང་མིག་ནད་དེ་རིགས་ཀྱི་སྨན་སྡེབ་ནས་འཐུང་རྒྱུ་ཤིན་ཏུ་གལ་ཆེ།
སྙིང་གི་བྱེད་ནུས་ཆ་ཚང་མིན་པའི་དལ་གཤིས་ནད་ཀྱི་སྨན་ལས(洋地黄) (地高辛) (毒毛旋花子苷K) སྨན་འདི་དག་རྒྱུན་དུ་འཐུང་ན་མིག་རབ་རུབ་ཏུ་འགྲོ་ཞིང་། མཐོང་སྣང་དེ་སེར་མདོག་དང་ལྗང་མདོག་ཏུ་འགྱུར་བའི་ནད་སློང་སྲིད།
སྙིང་གི་ལྡིང་འགྲོས་ཞན་འགྱུར་སྨན་རིགས་ལས། (美西律) (莫雷西嗪片) (普罗帕酮) འདི་རིགས་རྒྱུན་དུ་འཐུང་ཚེ་མིག་དབང་ཉམས་པ་དང་། གཟིགས་གཉིས་མཐོང་བ། མིག་ན་བ། མིག་སྐྱིར་ཁྲག་རྒྱས་སོགས་བྱེད། དེ་མིན་(胺碘酮) བསྟེན་མཁན་ནད་པ་ཁ་ཅིག་ལ་གཟུགས་འཛིན་གྱི་དབང་རྩ་ངན་འགྱུར་དང་དབང་རྩའི་ཚ་ནད་སོགས་འབྱུང་བཞིན་ཡོད་པས་དེ་ཧ་ཅང་སྡུག་པོར་གྱུར་ན་མིག་དབང་ཉམས་སྲིད་པའི་མཇུག་འབྲས་ཚབས་ཆེན་བསྐྱེད་སྲིད་པ་རེད། དེ་བཞིན་དུ་(倍他乐克)ཡིས་ཀྱང་མིག་སྐ་བ་དང་། མིག་དབང་བོར་སྐྱོན་འདྲ་མིན་བསྐྱེད་སྲིད།
ཁྲག་རྩ་གྲིམ་འཁུམ་གྱི་སྨན་ལས་(烟酸)རྒྱུན་དུ་བསྟེན་ན་མིག་གི་མཐོང་ནུས་ཉམས་པའམ་མིག་མཐིལ་སེར་ཁྲའི་སྣོད་འདྲའི་ཆུ་སྐྲངས་འབྱུང་སྲིད། (维生素E烟酸酯)རྒྱུན་དུ་འཐུང་ན་མིག་ངོས་ལ་ཁྲག་རྒྱས་སྲིད་པ་དང་། སྔོ་གྲིབ་ནད་ཡོད་མཁན་གྱིས་ཡག་པོ་གཟབ་དགོས། (藻酸双脂钠片)ཡིས་མིག་སྐྱིའི་འོག་ནས་ཁྲག་འཛར་བའི་ནད་བསྐྱེད་སྲིད། (阿司匹林)མང་དུ་འཐུང་ན་མིག་ནས་ཁྲག་འཛར་བ་དང་མིག་དབང་ཉམས་ཞན་ལ་སོགས་ཀྱི་ནད་འབྱུང་སྲིད།
ཁྲག་སྤྲི་སྙོམས་སྒྲིག་གི་སྨན་ལས་(普伐他汀钠)རྒྱུན་དུ་འཐུང་ན། མིག་གི་མཐོང་དངོས་རབ་རུབ་དང་། མིག་ཕྱིའི་ཤ་སྐྱི་འགུལ་སྐྱོད་མི་བདེ་བ། མིག་གི་མཚོ་གཉིས་འདྲེས་པར་བྱེད་ལ་སོགས་ཀྱི་ནད་བསྐྱེད་སྲིད། སྐྱེ་དངོས་ཀྱི་ཉིང་ཁུ་ལས་བཏོན་པའི་ཁྲག་སྤྲི་དྭངས་བྱེད་ཀྱི་སྨན་སྣས་སྡེབ་ཡོད་ན་ཡང་མིག་དམར་པོར་འགྱུར་བ་དང་། ན་ཟིག་ལངས་པ། མཐོང་ལམ་རབ་རུབ་ཏུ་འགྱུར་བ་ལ་སོགས་བྱེད་སྲིད།
མིག་ནད་དང་ཁྲག་རྩའི་ནད་དེ་ལུས་སྟེང་གི་མི་བདེ་ཐམས་ཅད་ལ་འབྲེལ་ཡོད་པས། སྨན་ལ་བསྟེན་དུས་སྙིང་དང་ཁྲག་རྩའི་ཚན་ཁག་གི་སྨན་པ་དང་། མིག་ནད་ཚན་ཁག་གི་སྨན་པས་གནང་བའི་སྨན་དག་རྒྱུན་དུ་ཕན་ཚུན་བསྐྱར་བཟློས་ཀྱི་སྣང་ཚུལ་ཡོད། གལ་སྲིད་ཁྲག་རྒྱུན་མི་འགག་པ་དང་། ཁྲག་རྩ་མི་རེང་བ་ལ་སོགས་ཀྱི་སྨན(血塞通、血栓通、化瘀口服液、阿司匹林)འདི་རིགས་བསྟེན་མཁན་གྱི་ནད་པས་ཚན་ཁག་མི་འདྲ་བའི་སྨན་པར་ནད་སྟོན་དུས་རང་རྟོགས་ཀྱིས་གནས་ཚུལ་གསལ་བོ་ཞུ་དགོས། ནད་པ་མང་པོས་དལ་གཤིས་རང་བཞིན་གྱི་ནད་ལ་ན་བསྟེན་དུས། རྟག་ཏུ་སྨན་པར་སྟོན་རྒྱུ་ཚགས་ལ་འཛེམ་པ་དང་། ཡང་ན་གྲལ་སྒྲིག་པ་ལ་སུན་སྣང་སྐྱེས་པ་སོགས་ཀྱིས་དུས་རྒྱུན་སྨན་སྣ་གཅིག་ཁོ་ན་བསྟེན་རྒྱུར་དགའ་བོ་ཡོད་པ་རེད། དེ་ནི་ནད་བཅོས་ཐབས་ཀྱི་གོམས་གཤིས་མི་ལེགས་ཤིག་རེད། རྒྱུ་མཚན་སྨན་ཁ་ཤས་ཀྱི་དུག་ནུས་དེ་དུས་ཡུན་རིང་བོ་ཞིག་འགོར་རྗེས་ད་གཟོད་ནད་རྟགས་ཕྱིར་མངོན་ཡོང་བ་ཡིན་པ་གཅིག་དང་། ཡང་དུག་ནུས་ལ་ལ་སྨན་པས་ཞིབ་བཤེར་དང་ཆེད་སྤྱོད་ཀྱི་དཔྱད་ཆས་ལ་བརྟེན་ན་མ་གཏོགས་རྟོགས་མི་ཐུབ་པས། ཚང་མས་ཤེས་རྒྱུ་ཞིག་ནི་སྨན་པའི་ཅི་བཤད་ལག་ལེན་དུ་བཏབས་ན་ལེགས་སྙམ་པ་ཡིན།
གཞན་ཡང་སྙིང་དང་ཁྲག་རྩའི་ནད་དང་། གཅིན་པ་མངར་འགྱུར་ནད་ཅན་གྱིས་སྨན་ལ་བསྟེན་སྐབས་སུ་མིག་མི་བདེ་བའི་ནད་རྟགས་འབྱུང་སྲིད་མོད། དེ་ནི་སྨན་ཁོ་ནས་བསྐྱེད་པས་ངེས་བ་མ་ཡིན། ནད་ཁ་ཤས་ཚོད་འཛིན་ཡག་པོ་མ་བྱས་ན་ཡང་རང་བཞིན་གྱིས་མིག་ལ་གནོད་པ་ཐེབས་སྲིད་རེད། དེ་བཞིན་དུ་ཁྲག་ཤེད་དང་ཁྲག་སྤྲི། སྙིང་ནད་སོགས་ཀྱང་དུས་རྒྱུན་ཚོད་འཛིན་ཡག་པོ་མ་བྱས་ན་རང་བཞིན་གྱིས་མིག་གི་དབང་བོ་ལ་ཡང་སྐྱོན་འདྲ་མིན་འབྱུང་པས་ཚང་མར་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཞིག་ནི། གོང་གི་ནད་རིགས་དེ་དག་ཡོད་མཁན་གྱི་ནད་པས་དུས་རྒྱུན་ཁོག་ནད་ཚན་ཁག་གི་སྨན་པར་གང་ལ་གང་འཚམ་གྱིས་བློ་འདྲི་དང་གནས་ཚུལ་ཞུས་ནས་སྨན་པའི་ནད་བཅོས་ལ་བསྟུན་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དུས་གཏན་དུ་མིག་ནད་ཚན་ཁག་ཏུ་ཕྱིན་ནས་མིག་ལ་ཡང་འོས་འཚམ་གྱིས་ཞིབ་བཤེར་བྱས་ན་བཟང་། སྤྱིར་བཏང་ཟླ་གསུམ་མམ་ཡང་ན་ལོ་ཕྱེད་ནང་ཐེངས་གཅིག་ལ་ཞིབ་བཤེར་བྱས་ན་ཆོག་གོ།